西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ལ་གྲུབ་འབྲས་གསར་པ་ཐོབ་པ། མཁར་རྫོང་སྲ་ཞིང་བརྟན། ཏང་དར་དམར་མདངས་བཀྲ ཀུན་ཕན་དང་རྨང་གཞི་ཐ་སྐྱོང་བཅས་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཧུར་བརྩོན་དང་རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བཟང་བྱ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ།  སྙིང་སྟོབས་བྲག་ལས་བརྟན། མཐའ་མཚམས་བརྟན་པོར་བསྲུངས།

放大 缩小 默认

མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས།

སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ།

ཁྲིམས་སྒྱུར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་རང་བྱུང་ཐོན་ཁུངས་ཅུས་དང་འཕྲལ་སྡོམ་དོ་དམ་ཅུས་སོགས་ཚན་པར་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཁྲིམས་སྒྱུར་ལྟ་སྐུལ་ཞིབ་བཤེར་དེ་ཁྱབ་ཁོངས་མང་པོར་ཁྱབ་པ་དང་གཙོ་གནད་ཐོག་ཁྲིམས་སྒྱུར་བརྒྱུད་རིམ་གྱི་ཁྲིམས་མཐུན་རང་བཞིན་དང་། ཁྲིམས་སྒྱུར་བྱ་སྤྱོད་ཀྱི་ཚད་ལྡན་རང་བཞིན། ཁྲིམས་སྒྱུར་ཡིག་ཆའི་ཡང་དག་རང་བཞིན། དེ་བཞིན་སྲིད་འཛིན་ཁྲིམས་སྒྱུར་གྱི“ལམ་ལུགས་གསུམ”དོན་འཁྱོལ་བྱས་ཚུལ་སོགས་ལ་ཕྱོགས་ཡོངས་དང་ཞིབ་ཚགས་ངང་ཞིབ་བཤེར་བྱས་པ་དང་ཆབས་ཅིག ཁྲིམས་སྒྱུར་ཚན་པ་ཁག་གི་སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་དོ་དམ་གནས་ཚུལ་དང་། རྒྱུན་གཏན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་བྱས་ཚུལ། “སུས་ཁྲིམས་སྒྱུར་བྱས་ཚེ་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”འགན་འཁྲི་དོན་འཁྱོལ་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་སྲིད་འཛིན་ཁྲིམས་སྒྱུར་ཡིག་རིགས་ལ་ལྟ་བ་དང་འཐེན་བཤེར་བྱེད་པ་དང་། སྲིད་འཛིན་ཞིབ་བཤེར་གྱི་ཟིན་ཐོར་ལྟ་བ། ཁྲིམས་སྒྱུར་མི་སྣ་དང་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་སྒྱུར་ལས་དོན་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་བྱ་ཡུལ་ཁྲིམས་སྒྱུར་སྡེ་ཚན་གྱིས་ཁྲིམས་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ལྷག་པའི་ཁྲིམས་སྒྱུར་ཡིག་རིགས་ཚད་ལྡན་མེད་པ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི“ལམ་ལུགས་གསུམ”དོན་འཁྱོལ་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཐད་ས་གནས་ས་ཐོག་ཏུ《སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གནད་དོན་གྱི་ཚུར་ལན་ཡི་གེ》བཟོས་པ་དང་འབྲེལ་དག་ཐེར་བསམ་འཆར་ཡང་བཏོན་པ་རེད། ཞིབ་བཤེར་བྱེད་རིང་ཞིབ་བཤེར་བྱ་ཡུལ་ཚན་པར་ཚུར་ལན་གནད་དོན་4བཏོན་ནས་ཁྲིམས་སྒྱུར་ལས་དོན་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ལྷག་ཚེས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明