西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ལ་གྲུབ་འབྲས་གསར་པ་ཐོབ་པ། མཁར་རྫོང་སྲ་ཞིང་བརྟན། ཏང་དར་དམར་མདངས་བཀྲ ཀུན་ཕན་དང་རྨང་གཞི་ཐ་སྐྱོང་བཅས་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཧུར་བརྩོན་དང་རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བཟང་བྱ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ།  སྙིང་སྟོབས་བྲག་ལས་བརྟན། མཐའ་མཚམས་བརྟན་པོར་བསྲུངས།

放大 缩小 默认

མཁར་རྫོང་སྲ་ཞིང་བརྟན། ཏང་དར་དམར་མདངས་བཀྲ

ཇོ་མོ་གླང་མའི་རི་འདབས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཞིག

ཉེ་ཆར། ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་ཧྭ་གློག་བོད་ལྗོངས་ཀུང་སིའི་4588ཏང་ཀྲི་པུའུ་ཡིས“མཉམ་དུ་མཁར་རྫོང་བརྟན་དུ་གཏོང་། མཐའ་བརྟན་མཐའ་དར་ཏང་དར་དམར་མདངས་བཀྲ”ཞེས་པའི་མཉམ་འབྲེལ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་འབྲེལ། ཇོ་མོ་གླང་མའི་སྒར་ས་ཆེན་པོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོའང་འཚོགས་ཤིང་། ཉེན་རྟོག་པ་དང་ཁེ་ལས་ཀྱིས་མཉམ་དུ་ཏང་འཛུགས་སྐྱོང་དང“ཇོ་མོ་གླང་མའི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་མཉམ་དུ་བསྐྲུན་པ་རེད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཕྱོགས་གཉིས་པོས་མཐའ་སྟོབས་མཐའ་བརྟན་དང་ནུས་རྒྱུའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཉམ་དུ་སློབ་སྦྱོང་དང་། ཉེན་རྟོག་པས་མཐའ་སྲུང་སྐོར་གྱི་གཏམ་རྒྱུད་ཤོད་པ། གློག་ཤུགས་ཤེས་བྱ་དང་ཚན་རིག་ཁྱབ་གདལ་གཏོང་བ། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཇི་ལྟར་བྱས་ནས་ཡོང་བ་བྱ་རྒྱུར་དམིགས་ཏེ་སྤེལ་རེས་དང་ཞིབ་བསྡུར་བྱས་པ་དང་འབྲེལ། ཕན་ཚུན་གོས་དར་སྤྲོད་རེས་བྱེད་པ་བཅས་ཀྱི་ཐོག་ནས་ནུས་རྒྱུ་གསར་སྤེལ་དང་མཐའ་སྟོབས་མཐའ་བརྟན་གཉིས་ཟུང་འབྲེལ་དམ་ཟབ་ཡོང་བར་བྱས་པ་རེད།

“ང་ཚོ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་མིག་མཐོང་ལག་ཟིན་དང་དཔང་པོ་བྱེད་མཁན་ཡིན་ལ། དེའི་ནང་ཞུཌ་མཁན་དང་ལེགས་སྐྱེས་འབུལ་མཁན་དེ་བས་ཀྱང་ཡིན་པས་ཐུན་མོང་གི་འགན་འཁྲི་དང་ལས་འགན་ཡོད། ཉེན་རྟོག་དང་ཁེ་ལས་མཉམ་སྐྲུན་ལ་མཚོན་ན། ‘འཛུཌ་གཏོད་བཞིར’སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད” “ནུས་རྒྱུའི་ཁེ་ལས་ཀྱིས་ནུས་རྒྱུ་གསར་པའི་རྣམ་གྲངས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བར་སྐུལ་ཁྲིད་བྱེད་པ། མཐའ་མཚམས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ”སོགས་ལ་ཕྱོགས་གཉིས་པོའི་ཏང་ཡོན་གྱིས་སྤེལ་རེས་དང་ཞིབ་བསྡུར་འཁྲུག་པོ་བྱས་ནས་བསམ་བློ་བརྗེ་རེས་བྱུང་བ་དང་། ལས་དོན་ཟུང་འབྲེལ་བྱེད་ས་རྙེད་པ་མ་ཟད། ལས་ཀའི་བསམ་ཕྱོཌ་གསལ་པོ་ཆགས་ནས་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明