西藏青年报藏文版ཕྱོགས་བསྡུས། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན། བོད་ལྗོངས་ལྷོ་ཁའི་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་པ། ལྗོངས་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་པ།

放大 缩小 默认

ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན་ཞིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་བྱ་གཞག་རེད”ཅེས་ནན་བཤད་གནང་ཡོད། དམག་དོན་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞིང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ཞིག་རེད།

རྒྱལ་སྲུང་ནི་རྒྱལ་ཁབ་གནས་པ་དང་འཕེལ་རྒྱས་ཀྱི་བདེ་འཇགས་འགན་སྲུང་ཞིག་རེད། དམངས་ཡོངས་ཀྱི་རྒྱལ་སྲུང་གི་གཙོ་གནད་ནི་དམངས་ཡོངས་ལ་སློབ་གསོ་སྤེལ་རྒྱུ་དེ་ཡིན་པས། དམངས་ཡོངས་ལ་སློབ་གསོ་ཐེབས་པ་དང་། དམངས་ཡོངས་ཞུགས་པ། དམངས་ཡོངས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་རྒྱལ་སྲུང་སློབ་གསོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་མཉམ་འདྲེས་ཐུབ་པ་དང་། སྤྱི་ཚོགས་ཀྱི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སློབ་གྲྭའི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་དང་རྒྱལ་སྲུང་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྲུང་ལ་དོ་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་ལ་སྲུང་སྐྱོང་བཅས་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས།

དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ནི་རང་རེའི་ཏང་དང་རང་རེའི་དམག་ལ་དམིགས་བསལ་དུ་ཡོད་པའི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། དམངས་ཡོངས་ཀྱི་རྒྱལ་སྲུང་གི་གལ་ཆེ་ས་ནི་དམག་དཔུང་དང་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པས། དམག་དཔུང་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ས་གནས་ལ་རྒྱབ་སྐྱོར་དང་གཞོག་འདེགས་ཞུས་ཏེ་དམག་དོན་ལག་ལེན་བྱེད་སྒོ་མཐུན་སྦྱོར་ངང་སྤེལ་དགོས་ལ། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤུས་ལེགས་ཐོན་ཁུངས་སྤྱི་འདོམས། མང་ཚོགས་རང་བཞིན་གྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། རྒྱལ་སྲུང་སློབ་གསོའི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། སྤྱི་དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱལ་སྲུང་གི་ཤེས་བྱ་ཁོང་དུ་ཆུད་པ། རྒྱལ་སྲུང་གི་རྩལ་ནུས་ཆེ་རུ་གཏོང་བ། ཁྲིམས་བཞིན་རྒྱལ་སྲུང་གི་འོས་འགན་སྒྲུབ་པ་བཅས་བྱེད་དགོས།

དམངས་ཡོངས་རྒྱལ་སྲུང་གི་དམིགས་ཡུལ་ནི་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བཅས་བྱེད་པ། རྒྱལ་གཅེས་རིང་ལུགས་དེ་མི་དམངས་ཡོངས་ཀྱི་ཁྲག་རྒྱུན་ནང་འདྲེས་པ། དམངས་ཡོངས་ཀྱིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་བ་ཟབ་ཏུ་གཏོང་བ། བདེ་དུས་ཉེན་ཟོན་གྱི་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། དམག་བཀུར་དྲག་ཞེན་གྱི་བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明