西藏青年报藏文版གལ་ཆེའི་གསར་འགྱུར།  གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རླབས་ཆེན་མེས་རྒྱལ་ལོ་ངོ་75 ཡི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་ཀྱི་སྙན་ཞུའི་བྱེད་སྒོ་ཕུན་སུམ་ཚོ “ང་དང་ངའི་མེས་རྒྱལ”ཞེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། སློབ་གྲྭར་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱེད་པ། ལྷུན་གྲུབ་རྫོང་གིས་རྒན་ཡོལ་ཞུས་པའི་ཏང་ཡོན་ཉིང་ཁྲིར་ལྟ་སྐོར་སློབ་སྦྱོང་ལ་འཁྲིད་པ།

放大 缩小 默认

ང་ཀྲུང་ཧྭར་དགའ། བསྐལ་བཟང་རྟེན་འབྲེལ་ཞུ།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རླབས་ཆེན་མེས་རྒྱལ་ལོ་ངོ་75 ཡི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་ཀྱི་སྙན་ཞུའི་བྱེད་སྒོ་ཕུན་སུམ་ཚོ

འདི་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རླབས་ཆེན་མེས་རྒྱལ་ལོ་ངོ་75 ཡི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་ཀྱི་མཇུག་འགྲིལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ“ང་ཀྲུང་ཧྭར་དགའ། བསྐལ་བཟང་རྟེན་འབྲེལ་ཞུ།”ཞེས་པའི་བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་མེས་རྒྱལ་ལོ་ངོ་75ཡི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་ཀྱི་སྙན་ཞུའི་བྱེད་སྒོ་སྤེལ་བ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་སློབ་ཕྱིའི་ལག་ལེན་སློབ་གསོའི་གཡུར་ཟའི་གྲུབ་འབྲས་དང་དེ་བཞིན་གཞོན་ནུ་ལོ་ཆུང་སློབ་མའི་ཉམས་འགྱུར་ཁྱོན་ཡོངས་ནས་མངོན་པ་མ་ཟད། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སློབ་མའི་འཐུས་མི་200ཡིས་པར་རིས་དང་ཡི་གེའི་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན། ཚན་རྩལ་རྩལ་ནུས་འགྲེམས་སྟོན། བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་རེས་སོགས་ཀྱི་ལྷུ་ཚིགས་མང་པོ་བརྒྱུད་ནས་ཡིག་གཟུགསདང་ལུས་རྩལ། ཚན་རྩལ། རི་མོ། སེམས་ཁམས་བདེ་ཐང་སོགས་རིགས་ཆེ་བ་6གི་སྤྲོ་སྣང་འཛིན་གྲྭ་21ནང་གི་སློབ་སྦྱོང་གྲུབ་འབྲས་གསོན་ཉམས་དོད་པོས་འགྲེམས་སྟོན་བྱས་པ་རེད།

ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ལོ་རིམ་གསུམ་པའི་སློབ་མ་ངག་དབང་མཁས་མཆོག་གིས“མེས་རྒྱལ་ཨ་མའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བར་ང་རང་ང་རྒྱལ་ཆེན་པོ་སྐྱེ་གི་འདུག ངས་ད་ལྟ་སྦྱོང་བཞིན་པ་ནི་ཞབས་བྲོ་ཡིན་པས་རྗེས་སུ་ཞབས་བྲོ་མཁས་ཅན་ཞིག་བྱས་ནས་བོད་རིགས་ཀྱི་ཞབས་བྲོར་བརྟེན་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་འདོད་འདུག”ཅེས་བཤད།

མཉམ་གཞས《མེས་རྒྱལ་ལ་བསྟོད་གླུ་ལེན+We Rock》ཞེས་པ་སྐད་གསང་མཐོན་པོའི་གླུ་སྒྲའི་ཐོག་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་དབུས་ནས་བརྩི་སྲུང་ཞུ་བ་དང་ཏང་གི་རྗེས་སུ་འབྲངས་བའི་དད་སེམས་བརྟན་པོ་མཚོན་པར་བྱས་ཡོད། གཞན་ཡང་བྱེད་སྒོའི་ནང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཐད་འབད་བརྩོན་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་འགྲེལ་བཤད་པས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་གཟེངས་སུ་ཐོན་པའི་གྲུབ་འབྲས་འགྲེམས་སྟོན་བྱེད་སྐབས་བྱེད་སྒོའི་ཡུལ་གྱི་ལྟད་མོ་བ་ཚོས་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་པ་རེད།

ངག་དབང་མཁས་མཆོག་གི་ཨ་མས་བྱིས་པའི་ཕོ་བྲང་གིས་ཕྲུ་གུར་སློབ་ཕྱིའི་བྱེད་སྒོ་སྣ་ཚོགས་མཁོ་འདོན་བྱས་པས་ཕྲུ་གུ་ཚོའི་སྤྱི་ཚོགས་འབྲེལ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། ད་ཆ་ཕྲུ་གུ་སྤྲོ་སྣང་དོད་ལ་སྣང་བ་སྐྱིད་པའི་ཁར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་འཚོ་བའི་སྤྲོ་སྣང་མཉམ་སྤྱོད་ཐུབ་པས། སླད་ཕྱིན་ཕྲུ་གུ་དེ་བས་མང་བ་མཉམ་དུ་ཞུགས་ནས་སློབ་སྦྱོང་བྱས་ཏེ་གྲོགས་པོར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

2010ལོར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞི་བཙུགས་པ་ནས་བཟུང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཞོན་ནུ་ལོ་ཆུང་ལ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཕྱིའི་ལག་ལེན་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད་པ་རེད། དགའ་ཕྱོགས་མི་འདྲ་བར་དམིགས་བསལ་ཁྱད་ཆོས་འཛིན་གྲྭ་གཉེར་བ་དང་། ཆེད་ལས་སྒྱུ་རྩལ་ཚོགས་པར་བརྟེན་ནས་སློབ་ཁྲིད་བྱེད་པ། བརྗོད་དོན་གཙོ་བོའི་དབྱར་གསེང་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ་དང་ལག་ལེན་སློབ་གསོའི་བྱེད་སྒོ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་གཞོན་ནུ་ལོ་ཆུང་ཁྱོན་མི་ཐེངས་ཁྲི་30ལ་ཁྱབ་ཡོད་པ་རེད། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་འགྲེམས་ཁང་བཙུགས་པ་དང་། དེ་བཞིན་གཞོན་ནུ་ལོ་ཆུང་གི་ལས་འགན་གཅིག་ལྕོགས་སྒྲོག་འགྲེལ་པ་བསྡུས་པ་དེས་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ་དང་སྤྱི་ཚོགས་ལག་ལེན་སློབ་གསོར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད།

བྱེད་སྒོ་དེ་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་བདེ་བླག་ངང་མཇུག་འགྲིལ་བ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明