西藏青年报藏文版གལ་ཆེའི་གསར་འགྱུར། སློབ་གསོའི་བྱ་གཞག་ལ་ཞུགས་ནས་དཔེ་ཁྲིད་མི་སྐྱོང་ཧུར་ཐག་བྱེད་ཀྱི་ཡིན། ལྷ་ས་གྲོང་ཁྱེར་གྱི་དུས་ཐེངས་ཉི་ཤུ་པའི“ཆིང་མ་ལས་གྲྭ”དང་སྡེ་ཚོགས་ལས་དོན་གྱི་རྐང་འཛིན་པ་གསོ་སྦྱོང་འཛིན་གྲྭ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ། ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་སློབ་ཆུང་5ལ་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཡོ་བྱད་ཕུལ་བ།

放大 缩小 默认

ལྷ་ས་གྲོང་ཁྱེར་གྱི་དུས་ཐེངས་ཉི་ཤུ་པའི“ཆིང་མ་ལས་གྲྭ”དང་སྡེ་ཚོགས་ལས་དོན་གྱི་རྐང་འཛིན་པ་གསོ་སྦྱོང་འཛིན་གྲྭ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཏང་ལ་དགོས་མཁོ་ཡོད་པའི་རྐང་འཛིན་གཞོན་ནུའི་ཆབ་སྲིད་ནུས་པར་གསོ་སྐྱོང་དང་སྐྱེལ་འདྲེན་ལ་ཤུགས་རྒྱག་པ་དང་། སྡེ་ཚོགས་ལས་བྱེད་པའི་སློབ་གསོ་དེ་ལའང་དུས་རབས་རང་བཞིན་དང་། མ་ལག་རང་བཞིན། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་ཤུགས་རྒྱག་དགོས། ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཁྱབ་ཁོངས་ཀྱི་ཕུལ་བྱུང་མར་ཁེ་སི་རིང་ལུགས་པའི་གཞོན་ཞུ་དང་སྡེ་ཚོགས་ཀྱི་ལས་བྱེད་པ་86སྒྲིག་འཛུགས་བྱས་ནས་ཉིང་ཁྲིར་བསྐྱོད་དེ། ལྷ་ས་གྲོང་ཁྱེར་གྱི་དུས་ཐེངས་ཉི་ཤུ་པའི་“ཆིང་མ་ལས་གྲྭ”དང་སྡེ་ཚོགས་ལས་བྱེད་པའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

གསོ་སྦྱོང་བྱེད་རིང་སློབ་མ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་འབྲེལ་དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་གྲོས་བསྡུར་ཡང་བྱས་པ་རེད། དེ་དང་ཆབས་ཅིག་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་ད་དུང་སློབ་མ་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་ཞིབ་འཇུག་སློབ་སྦྱོང་དང་བགྲོ་གླེང་སྤེལ་རེས་བྱས་ཏེ། ཉིང་ཁྲིའི་འཕེལ་རྒྱས་དང་འགྱུར་ལྡོག་བརྒྱུད་ལག་ལེན་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་དངོས་སུ་ཚོར་ཐུབ་པ་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝན་ཏན་གདན་དྲངས་ནས་སློབ་མ་ཚོར《མཚོ་བོད(བོད་ལྗོངས)མཐོ་སྒང་-སྣོད་བཅུད་མཐོ་ས-ཀྲུང་ཧྭའི་ཤེས་དཔལ》སློབ་ཁྲིད་བྱས་པ་དང་གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་བརྒྱུད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་རྒྱས་བཤད་བྱས་པ་རེད།

གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དང་། གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་གཞི་རིམ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་གཞོན་ནུའི་བྱ་གཞག་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明