西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕ་ཡུལ་གྱི་དབྱར་དུས། ༄༅། །ཤེས་བྱའི་ལམ་ལ་ཆས་འགྲོ། ལས་གནས་ལ་དགའ་ཞེན་ཆེ་བའི་མེ་ཟོན་སྲུང་དམག་ཁུང་ཐའེ་ཐའེ། ༄༅། །ཉིན་ཞིག་གི་ཞོགས་པ། ༄༅། །སྟག་དང་ཝ་མོ།

放大 缩小 默认

༄༅། །ཕ་ཡུལ་གྱི་དབྱར་དུས།

□ 作者 གཡུ་ཆུང་སྒྲོལ་དཀར།

སྤྱི་ཟླ་བདུན་པའི་ཚེས་ཉེར་དགུའི་དགོང་མོ་ངལ་གསོ་བཞག་པ་དང་། དེའི་ཕྱི་ཉིན་ང་ཚོ་ཕ་ཡུལ་དུ་ལོག་པ་ཡིན།

ཕ་ཡུལ་ལ་སླེབས་མ་ཐག་ངས་དང་པོར་མཐོང་བ་ནི་ང་ཚོའི་གྲོང་གི་གཟི་བརྗིད་ལྡན་པའི་རི་བོ་འབར་ཆགས་ཟེར་བ་དེ་ཡིན། དབྱར་ཁ་ཟིན་པ་དང་ས་གཞི་ཆེན་པོ་གྱོན་གོས་ལྗང་ཁུ་ཞིག་གྱོན་པ་ལྟར་སྔོ་ལྗང་ལྗང་དུ་གྱུར་འདུག་པས། ཕར་བལྟས་པ་ཙམ་གྱིས་སེམས་པ་ལྷིང་ལ་འཇགས་ཐུབ་པ་ཞིག་ཡིན། སྔོ་ལྗང་གི་རི་བོ་དེའི་སྟེང་དུ་རླུང་དར་འཛུགས་སའི་ཤུག་ཕུང་ཞིག་ཡོད་པ་དང་། ལྷ་ཤིང་ཤུག་པ་དེ་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ལྗང་མདོག་གི་མཚན་དཔེ་རབ་ཏུ་བཀྲ། ཤོད་སྲོལ་དུ་རི་བོ་དེས་ང་ཚོའི་གྲོང་གི་མི་རྣམས་ལ་རྐྱེན་ངན་བར་ཆད་དང་བཀྲ་མི་ཤིས་པའི་དོན་ཐམས་ཅད་སེལ་རོགས་མཛད་ཟེར།

དབྱར་ཁ་སླེབས་པ་དང་ཞིང་ནང་གི་ལྡུམ་སེར་མེ་ཏོག་སེར་ལམ་མེར་བཞད་པ་དང་། སྲན་མ་ཡང་སྐྱེས་འདུག་ལ། ལྡུམ་རའི་ནང་ལ་ཡང་ཚལ་རིགས་མང་པོ་སྐྱེས་འདུག མེ་ཏོག་སྣ་མིན་སྣ་ཚོགས་མཛེས་སྡུག་ལྡན་པའི་ངང་བཞད་འདུག ཕ་ཡུལ་གྱི་དབྱར་དུས་སུ་ཉིན་གུང་དང་ཕྱི་དྲོ་ལ་སླེབས་དུས་ཉི་མ་ཚ་གདུག་ཆེ་བས་དྲོད་ཤིན་ཏུ་ཆེ། ཤེལ་ཁང་གི་ནང་ལ་བསྡད་ན་མགོ་གཟེར་གྱི་ཡོད། དེར་བརྟེན། ཤེལ་ཁང་ནང་ལ་སྡོད་ཚུགས་ཀྱི་མེད་པས། མི་རྣམས་ཁེབས་འོག་གི་གྲིབ་བསིལ་འོག་ཏུ་སྡོད་ཀྱི་ཡོད། བསིལ་རླུང་བསིལ་བསིལ་དུ་ལྡང་དུས་ཧ་ཅང་སྐྱིད།

དགོང་མོར། ཕ་ཡུལ་གྱི་མི་རྣམས་སྒོ་རུ་དོན་ནས་སྲང་ལམ་ནང་དུ་ཚང་མ་མཉམ་དུ་གླེང་མོལ་བྱེད་བཞིན་ཡོད། ཕྲུ་གུ་རྣམས་ཀྱིས་ལྕགས་རྟ་བཞོན་ནས་རང་ནུས་ཡོད་རྒུས་རང་གི་བཞོན་རྩལ་ངོམ་པར་བྱེད། གྲོང་ཚོའི་འདབས་ནས་རྒྱུག་པའི་ཆུ་ཆེན་རྒྱལ་མོ་རྔུལ་ཆུ་ནི་དུས་ཚོད་དང་འགྲན་བཞིན་པ་ལྟར་མདུན་དུ་རྒྱུག མཚན་མོར་སླེབས་པ་དང་ཟླ་བའི་འོད་སྣང་གྲོང་ཚོ་ཡོངས་ལ་ཕོག་ཅིང་། ལྷིང་འཇགས་ལྡན་པའི་གྲོང་ཚོ་དེ་སྔར་བས་འཇམ་ཐིང་ཐིང་གི་སྣང་བ་ཞིག་སྟེར།

དབྱར་ཁ་སླེབས་པ་དང་སློབ་གྲྭ་ཆེན་མོ་དང་མཐོ་འབྲིང་དུ་འགྲོ་བའི་སློབ་མ་དེ་ཚོ་ཡང་གུང་གསེང་བཞག་ནས་ཕ་ཡུལ་དུ་ལོག་གི་ཡོད་པས། འདི་ནི་ཁྱིམ་མི་མཉམ་འཛོམས་བྱེད་པའི་དུས་ཡག་ཤོས་ཤིག་ཡིན། དབྱར་དུས་ནི་མཛེས་སྡུག་ལྡན་པའི་དུས་ཤིག་སྟེ། འཇིག་རྟེན་ཁམས་ནི་དེ་བས་ཡིད་དབང་འཕྲོག་པའི་རི་མོ་ཞིག་དང་ཀུན་ནས་མཚུངས་སོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明