西藏青年报藏文版གལ་ཆེའི་གསར་འགྱུར། “གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང“གངས་ལྗོངས་ས་མཐོའི་རྣམ་པ་གསར་པ”ཞེས་པའི་བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་ མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱས་པ། ལྷུན་རྩེ་རྫོང་གིས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ། ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་གཡས་གཞོགས་ གཡོན་འདེགས་ཧུར་ཐག་བྱེད་པ།

放大 缩小 默认

མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱས་པ།

ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རིང་སྔོན་ཐོན་བརྩོན་ལེན་བྱེད་པའི”འབྲེལ་ཡོད་ལས་དོན་ངོ་སྤྲོད་བྱས་པ་རེད། མངའ་རིས་ས་ཁུལ་ཨུ་ལྷན་གྱི་ཨུ་ཡོན་དྲིལ་བསྒྲགས་པུའུ་ཀྲང་ཀྲེང་ཡུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་གྱིས་2021ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་5དང་། རྫོང་7ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དུ་བཏོད་པ། རིམ་པ་དེ་གའི་འཛུགས་གཏོད་81%ཟིན་ནས་འཛུགས་གཏོད་ཀྱི་དམིགས་ཚད་ལས་འགན་80%སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་འཛུགས་གཏོད་བྱེད་རིང་ས་ཁུལ་དང་རྫོང་། ཤང་། གྲོང་ཚོ་བཅས་ཀྱིས་མཉམ་དུ་དམ་འཛིན་དང་། ཏང་སྲིད་དང་དམག་དཔུང་། ཉེན་རྟོག མི་དམངས་ཀྱིས་མཉམ་དུ་འཛུགས་གཏོད་མཐའ་འཁྱོངས་བྱེད་པ།་ མི་རིགས་མཐུན་སྒྲིལ་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས་དང་ལས་རིགས་སྒྲིག་སྲོལ་ནང་མཉམ་འདྲེས་ཐུབ་པར་རྒྱུན་མི་ཆད་པར་ཤུགས་སྣོན་རྒྱག་པ། རྒྱུན་གཏན་ཅན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་རོགས་སྐྱོར་བྱས་པ། མངའ་རིས་ལས་བྱེད་པ་ནང་སར་གནས་སྐབས་སྦྱོང་བརྡར་བྱས་པ། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ལྗོངས་ཕྱི་རོལ་དུ་ལྟ་སྐོར་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མ་དངུལ་སྒོར་ཁྲི་140.9བཏང་ནས་མངའ་རིས་ས་ཁུལ་གྱི་སྤྱི་སྐད་ཆུ་ཚད་རིག་ནུས་ཚད་ལེན་ཚོད་ལྟའི་ས་ཚིགས་བསྐྲུན་པ་དང་། “ལག་ཆུང་གིས་ལག་ཆེན་འཐེན”དང་“ལག་ཟུང་གཉིས་འཐེན”གྱིས་བྱེད་སྒོ་སྤེལ་ནས། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རིམ་རྩིས་བྱས་ན་བྱེད་སྒོ་སྣ་ཚོགས་ཐེངས་7000ལྷག་ཙམ་སྤེལ་བ་དང་། དགེ་རྒན་དང་སློབ་མ་མི་ཐེངས་ཁྲི་18.6ཞུགས་པ་མ་ཟད། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བཟང་པོ་སྡེ་ཁུལ་པིན་ཧོ་མངགས་གཏོང་ཁང་གི་ནོར་འཛིན་སེ་འབྲུའི་འབྲས་བུ་ལས་དོན་ཁང་གི་སྔོན་ཐོན་ཉམས་མྱོང་དཔེ་སྟོན་སྣེ་ཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་རྒྱུན་གཏན་ཅན་དུ་ཁྱབ་ཡོད། འཛུགས་གཏོད་ལས་དོན་དེ་“རྐྱང་གཞས་”ནས་“མཉམ་གཞས་”སུ་སྒྲ་དབྱངས་མངོན་འགྱུར་བྱུང་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明