西藏青年报藏文版གལ་ཆེའི་གསར་འགྱུར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ། 2024ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་གཟབ་རྒྱས་ངང་ཀྱིས་གཉེར་བ།

放大 缩小 默认

2024ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་གཟབ་རྒྱས་ངང་ཀྱིས་གཉེར་བ།

འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་གྱི་ལས་ཡུལ།

རྒྱ་ཆེའི་གཞོན་ནུ་དང་བླངས་པ་རྣམས་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་གྱིས། ལང་ཚོའི་ཉམས་འགྱུར་མངོན་པ་དང་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཆེད། ཟླ་8ཚེས་2ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་བཅས་ལས་ཁུངས་ཀྱི་མཉམ་འབྲེལ་མཛུབ་ཁྲིད་ཀྱིས་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་གཉེར་བའི“དུས་རབས་གསར་པར་དང་བླངས་པ་བྱས་ནས.ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་བསྐྲུན་པ”བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་ལྷ་སར་གཟབ་རྒྱས་ངང་གཉེར་བ་རེད།

ཐེངས་འདིའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ་ནས་བཟུང་གྲོང་ཁྱེར(ས་ཁུལ)ཁག་གི་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་མཐོ་སློབ་གཞོན་ནུ་དང་བླངས་པའི་མཐུན་ཚོགས། ལས་རིགས་ཁག་གི་ཁོངས་གཏོགས་ཀྱིས་དང་ལེན་ཧུར་ཐག་བྱས་ནས་དང་བླངས་ཞབས་ཞུའི་རྣམ་གྲངས་55འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་ནང་ཞུགས་ཡོད། དེར་ལོ་ཆུང་བྱིས་པར་གཅེས་སྐྱོང་དང་འཕྲོད་བསྟེན་བདེ་ཐང་། རྒན་རྒོན་ལ་ཞབས་ཞུ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། གྲོང་གསེབ་དར་རྒྱས་གཏོང་བ། སྡེ་ཁུལ་བཅོས་སྐྱོང་དང་ཁྱིམ་མཚེས་ལྟ་སྲུང་སོགས་ཁྱབ་ཁོངས་12ཚུད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་གྱི་འགྲན་བསྡུར་ཞིབ་དཔྱད་ཨུ་ལྷན་ནི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་ལས་གྲུབ་པ་ཞིག་ཡིན་པ་དང་དཔྱད་ཞིབ་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་དཔྱད་བསྡུར་གྱི་རྣམ་པའི་ཐོག་ནས་སྤེལ་ཡོད་པ་རེད། རིགས་གཅིག་མཁས་ཅན་ཞིབ་དཔྱད་ཨུ་ལྷན་གྱིས་རྣམ་གྲངས་ཀྱི་དམིགས་ཚད་དང་རྣམ་གྲངས་དོ་དམ། རྣམ་གྲངས་ཀྱི་ཕན་འབྲས། གསར་གཏོད་ནུས་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་བཅས་ཕྱོགས་ལྔ་ལ་དམིགས་ནས་ཞིབ་དཔྱད་བྱས་པ་རེད། མཐར་“ཨེན་ཧའེ་སློབ་གཉེར་”སོགས་རྣམ་གྲངས་30བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་མཐའ་འགྲན་ནང་ཞུགས་ཡོད་པ་རེད། འགྲན་བསྡུར་ཆེ་མོའི་ཞིབ་དཔྱད་ཨུ་ཡོན་མ་ཧུང་ཤིང་གིས“ད་ཐེངས་ཀྱི་རྣམ་གྲངས་འགྲན་བསྡུར་ཆེ་མོ་གཉེར་བ་བརྒྱུད་ནས་ལྗོངས་ནང་ཁུལ་གྱི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་དཔེ་མཚོན་གྱོད་དཔེ་དང་དཔེ་མཚོན་བྱས་རྗེས་སྔར་བས་སྔོག་འདོན་བྱས་པ་དེས་གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་གཞོན་ནུའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད་པ་རེད།

འགྲན་བསྡུར་ཆེ་མོའི་གྲ་སྒྲིག་ཚོགས་ཆུང་གི་ལས་དོན་མི་སྣ་སྐལ་བཟང་བསྟན་འཛིན་གྱིས“ད་ཐེངས་ཀྱི་འགྲན་བསྡུར་དེ་ཐུན་མོང་མ་ཡིན་པའི་བརྩེ་སེམས་དང་ལེགས་འགྲུབ་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། རང་ཉིད་ཀྱི་ལང་ཚོ་བཏོན་ནས་མེས་རྒྱལ་ནུབ་རྒྱུད་ལ་ལེགས་སྐྱེས་འབུལ་འདོད་ཡོད་པའི་གཞོན་ནུ་དང་བླངས་པ་ཚོས་ཤེས་ཡོན་མངོན་པ་དང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤྲོད་བྱེད་པའི་གར་སྟེགས་ཤིག་རེད། འགྲན་བསྡུར་ནང་ཞུགས་མཁན་ཚང་མས་སྤྲོ་སེམས་དང་གསར་གཏོད་ཀྱི་བྱ་གཞག་ལ་བརྟེན་ནས་གཞོན་ནུའི་དང་བླངས་ཞབས་ཞུའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཚད་མེད་ཀྱི་ནུས་པ་མངོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明