西藏青年报藏文版ཕྱོགས་བསྡུས། “ཕུགས་འདུན་གྱི་འོད་ཟེར་ནུབ་རྒྱུད་དུ་སྙེག་ནས་ལང་ཚོའི་འོད་སྟོང་རབ་ཏུ་འཕྲོ་བར་སྨོན” ལོ་70ཡི་རིང་བོད་ཀྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇཌ་ཀྱི་གཅིག་སྡུད་མཚན་བཤེར་བྱ་སྤྱོད་སྤེལ་བ།

放大 缩小 默认

“ཕུགས་འདུན་གྱི་འོད་ཟེར་ནུབ་རྒྱུད་དུ་སྙེག་ནས་ལང་ཚོའི་འོད་སྟོང་རབ་ཏུ་འཕྲོ་བར་སྨོན”

གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་1029གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ།

ལང་ཚོ་ནུབ་རྒྱུད་ལ་ཕུལ་བ་དང་། ལང་ཚོའི་རྦ་རླབས་འཕྱུར་ནས་སླར་ཡང་བསྐྱོད་དགོས། ཟླ་7ཚེས་31ཉིན་གསར་དུ་བསྡུས་པའི་2024ལོའི་སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་1029ལྷ་སར་བསྡུ་རུབ་བྱས་རྗེས“ནུབ་རྒྱུད་དང་གཞི་རིམ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་རྒྱུ”ཞེས་འབོད་སྐུལ་བྱས་ནས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཚོས་བོད་ཀྱི་འཛུགས་སྐྲུན་ཁག་ནང་ཞུགས་པའི་ལྷག་བསམ་ཟོལ་མེད་ཀྱིས་ལང་ཚོའི་འགྱུར་ཁུག་མངོན་རྒྱུ་རེད།

དམག་བསྐྱོད་མཛད་སྒོའི་ཐོག་2023ལོ་ནས་2024ལོའི་བར་གྱི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ཕུལ་བྱུང་དང་བླངས་པར་གཟེངས་བསྟོད་བྱས་པ་རེད། དང་བླངས་པ་གསར་རྙིང་གི་འཐུས་མིས་གཏམ་བཤད་སྤེལ་རེས་གནང་བ་དང་། ཚོགས་འདུར་ཞུགས་མཁན་འགོ་ཁྲིད་ཀྱིས་བོད་ཀྱི་ཆེད་དོན་ཞབས་ཞུའི་ཡན་ལག་རུ་ཁག་8ལ་དམག་བསྐྱོད་དར་ཆ་གནང་བ་དང་འབྲེལ། 2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ཡོངས་ཀྱིས་ཐུན་མོང་ཐོག་དམ་བཅའ་བཞག་ཅིང་ནུབ་རྒྱུད་འཆར་གཞིའི་བརྗོད་དོན་གླུ་དབྱངས《ནུབ་རྒྱུད་དུ་འགྲོ》ཞེས་པ་སྐད་གསང་མཐོན་པོས་བླངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་མི་སྣ་བསྡུས་ཚུན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་མུ་མཐུད་མིང་ཐོ་འགོད་པ་དང་ཡིག་རྒྱུགས་དང་། བློ་བབས་སྤྱན་ཞུ། གཟུགས་པོར་བརྟག་དཔྱད་སོགས་ཀྱི་གོ་རིམ་བརྒྱུད་ཟླ་7ཚེས་24ཉིན་ནས་བཟུང་2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་འབྱོར་ཐོ་འགོད་པར་འབྱོར་ཡོད་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། བོད་ཀྱི་གནས་ཚུལ་དང་སྲོལ་རྒྱུན་རིག་གནས། ས་མཐོའི་འཕྲོད་བསྟེན་བདེ་ཐང་ཤེས་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས་གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པར་ཆེད་དོན་གསོ་སྦྱོང་བྱས་པ་རེད།

དམག་བསྐྱོད་མཛད་སྒོའི་ཐོག་2024ལོའི་དང་བླངས་པ་ཝང་ཡོན་ཡོན་གྱིས“ཕུགས་འདུན་གཅིག་མཐུན་བྱེད་མཁན་གྱིས་རི་མཚོ་ཐག་རིང་དུ་བརྩི་གི་མེད། ནུབ་རྒྱུད་འཆར་གཞི་ནི་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། ང་ཚོས་མེས་རྒྱལ་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་གོ་སྐབས་རྩ་ཆེན་ཞིག་ཏུ་འཇོག་རྒྱུ་ཡིན། ངས་ནུབ་རྒྱུད་དུ་འོད་ཟེར་དང་ཕུགས་འདུན་དོན་གཉེར་ཆེད་དུ་སྐར་འོད་ཁྲི་སྟོང་གི་འོད་འཚེར་འདོད་ཡོད”ཅེས་བཤད།

དམག་བསྐྱོད་མཛད་སྒོ་འཚོགས་རྗེས་དང་བླངས་པ་ཚོས་གྲོང་ཁྱེར(ས་ཁུལ)7དང་རྫོང་ཆུས་64དང་དེ་བཞིན་ལྗོངས་རིམ་པའི་ཚན་པ་ཁག་གཅིག་ཏུ་བསྐྱོད་དེ་རྨང་གཞིའི་སློབ་གསོ་དང་། ཞིང་འབྲོག་ཚན་རྩལ། རྒྱལ་སྲུང་མཐའ་སྲུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། སྨན་བཅོས་འཕྲོད་བསྟེན། གྲོང་གསེབ་དར་རྒྱས། སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། རིག་གནས་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་1ནས་3བར་དང་བླངས་ཞབས་ཞུའི་ལས་དོན་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明