西藏青年报藏文版གལ་ཆེའི་གསར་འགྱུར། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་དང་རང་བྱུང་གི་ནོར་བུ་སྲུང་སྐྱོང་ཡག་པོ་བྱས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་ལས་དུས་རབས་གསར་པའི་གསོན་ཤུགས་དང་གཟི་མདངས་གསར་པ་འཕྲོ་བར་བྱེད་དགོས།  ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ། རྩྭ་ཐང་སྟེང་གི་རྟ་རྒྱུག་དུས་ཆེན།

放大 缩小 默认

ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཟླ་8ཚེས་6ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

ལའེ་ཅའོ་ཡིས། སློབ་སྦྱོང་གསོ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་སྒྱུར་བཅོས་བྱ་ཐབས་ཐོག་གཅིག་སྒྲིལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལས་རྗེས་བཞག་ནས་ལས་སྒྲུབ་ལས་གཏོད་ཧུར་ཐག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་ལས་བྱེད་པ་དང་། རྩ་འཛུགས། སྒྲིག་ཁོངས། བོད་སྐྱོར། ཤེས་ལྡན་པ། ཏང་ཡོན་བཅས་དང་དེ་བཞིན་རང་ངོས་འཛུགས་སྐྱོང་གི“1+6+1”རྩ་འཛུགས་ཀྱི་ལས་ཀའི་བཀོད་ཇུས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་རྩ་འཛུགས་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཚད་གཞི་བཟོ་བ་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། ཚད་གཞི་ལོན་པ་བཅས“ཚད་གཞི་གསུམ”གྱི་ལས་ཀ་བྱེད་སྟངས་དང་། བསམ་བློ་གཏོང་བ་དང་། ལག་པ་འགུལ་བ། ཐབས་ཇུས་འདོན་པ། རྐང་པ་འགུལ་བ་བཅས་ཧུར་ཐག་བྱེད་པ་དང་། དམ་འཛིན་ལྷོད་མེད་བྱེད་པའི“ཧུར་ཐག་བཞི་དང་དམ་འཛིན་གཅིག”གི་ལས་ཀའི་བྱེད་སྟངས་ཡག་པོ་སྤྱད་དེ་ལོ་སྨད་ཀྱི་རྩ་འཛུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明