西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདག་གི་གཟའ་མཇུག་འཚོ་བ། ༄༅། །བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན། ༄༅། །རེ་འབོད་ཀྱི་དྲིལ་བརྡ། ༄༅། །འཆར་སྣང་པིར་གྱི་མཛེས་རིས།

放大 缩小 默认

༄༅། །འཆར་སྣང་པིར་གྱི་མཛེས་རིས།

□ 作者 པདྨ་ལྷུན་གྲུབ།

དྲོད་འཇམ་གྱི་རྟ་ལྗང་ཅན། །

བརྗིད་ཆགས་ཀྱི་རི་རྩེ་ནས། །

མུན་འཇོམ་གྱི་ཆུ་གྲི་བཞིན། །

སྒམ་བརླིང་ངང་འཆར་བའི་ཚེ། །

སྨག་རུམ་གྱི་འཛིན་མའི་ངོས། །

གསེར་མདོག་གི་ཕྱེ་མ་འདོར། །

རྨོངས་མུན་གྱི་མུན་པ་སེལ། །

མཛེས་ལྡན་གྱི་མེ་ཏོག་ལ། །

བཀྲ་ཤིས་པའི་འཛུམ་མདངས་རྒྱས། །

ལྕང་སྟེང་གི་བྱིའུ་ཆུང་རྣམས། །

གྲེ་འགྱུར་གྱི་གདངས་ལ་རྩེན། །

གསེར་མིག་གི་ཉ་ཆུང་དག །

གར་མཁན་མའི་ཚུལ་བཞིན་དུ། །

ལྡེམ་འཁྱུག་གི་བྲོ་ལ་རོལ། །

དཀར་གསལ་གྱི་སློབ་ཁང་ནང་། །

ཤེས་ལྡན་གྱི་བུ་སློབ་རྣམས། །

ལང་ཚོ་ཡི་ཟིལ་ཤུགས་ལས། །

འགྱུར་མེད་གྱི་བདེན་དོན་ཆེད།

གཙུག་ལག་གི་སློབ་གླིང་དུ། །

བརྩོན་འགྲུས་ཀྱི་ཤེས་བྱར་བརྩོན། །

མདུན་སྐྱོད་ཀྱི་སྤོབས་པས་ཕྱུག །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明