西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདག་གི་གཟའ་མཇུག་འཚོ་བ། ༄༅། །བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན། ༄༅། །རེ་འབོད་ཀྱི་དྲིལ་བརྡ། ༄༅། །འཆར་སྣང་པིར་གྱི་མཛེས་རིས།

放大 缩小 默认

༄༅། །བདག་གི་གཟའ་མཇུག་འཚོ་བ།

□ 作者 ཚེ་རིང་དར་སྐྱིད།

ང་སློབ་ཆུང་ལོ་རིམ་དྲུག་པ་ཡིན་དུས་ངའི་གཟའ་མཇུག་སྐྱིད་པོ་ཁྱོན་ནས་མེད། དགེ་རྒན་རྣམས་ཀྱིས་སྦྱོང་ཚན་མང་པོ་བསྐུར། ང་ཚོས་སྦྱོང་ཚན་མ་བྲིས་ཚེ་འཛིན་བདག་གིས་ང་ཚོར་གཤེ་གཤེ་གཏོང་བ་དང་། ད་དུང་ཁྱིམ་བདག་སློབ་གྲྭར་སྐད་གཏོང་གི་ཡོད། དེའི་རྐྱེན་གྱིས་ངས་གཟའ་མཇུག་གི་ངལ་གསོ་མེད་ན་བསམ་གྱི་ཡོད། སྐྱིད་པོ་མེད་པས་ཉི་མ་ལོ་ལས་རིང་བ་ཡོད།

ཉིན་ཞིག་ང་སྦྱོང་ཚན་མ་བྲིས་པས་ངའི་འཛིན་བདག་གིས་ཨ་མ་སློབ་ཁང་ནང་དུ་ཁྲིད། ང་ནང་ལ་སླེབས་པ་ན། ཨ་མས་རྒྱུག་པ་ཞིག་བཟུང་ནས་དགོང་མོ་ང་ལ་གཤེ་གཤེ་བཏང་བྱུང་། དེའི་རྗེས་སུ་ང་འཛིན་བདག་དེར་ཁོང་ཁྲོ་ཧ་ཅང་ཆེན་པོ་ཟ་གི་ཡོད།

ཡིན་ཡང་སློབ་འབྲིང་དུ་སླེབས་རྗེས། ང་རང་གཟའ་མཇུག་གི་འཚོ་བ་ལ་ཧ་ཅང་དགའ་སྟེ། དེའི་རྒྱུ་མཚན་ནི་གཟའ་མཇུག་གི་དུས་ཡུན་ཧ་ཅང་རིང་བ་དང་། སློབ་ཚན་སྐབས་སུ་ཡིན་ཡང་དགེ་རྒན་རྣམ་པས་ང་ལ་དགའ་པོ་བྱེད་ཀྱི་ཡོད། འཛིན་བདག་གིས་ང་ལ་རེ་བ་ཆེན་པོ་བཅོལ་གྱི་ཡོད་མོད། ངས་རང་ཉིད་སློབ་འབྲིང་དུ་སླེབས་རྗེས་ཀྱི་ཡིག་ཚད་དང་པོ་དེ་རྩིས་རིག་སྐར་གྲངས་དྲུག་ཅུ་རེ་དྲུག་མ་གཏོགས་མ་བཏང་བས་ཡིད་ཤིན་ཏུ་ཕངས། ངས་འཛིན་བདག་གི་རེ་བ་ཆུད་ཟོས་སུ་བཏང་བས་འགྱོད་པ་ཆེན་པོ་སྐྱེ་གི་འདུག ཡིན་ཡང་དེ་ཚོ་ཚང་མ་མཇུག་རྫོགས་ཟིན་པས་དེ་ཙམ་བསམ་བློ་གཏོང་རིན་མེད།

སློབ་འབྲིང་ལ་སླེབས་རྗེས། བློ་འཛིན་བྱ་རྒྱུ་མང་ཙམ་ཡོད་མོད་གཟའ་མཇུག་གི་སྦྱོང་ཚན་དེ་ཙམ་མང་པོ་མེད་པས། བདག་གིས་བསམས་ན་གཟའ་མཇུག་གི་འཚོ་བ་སྐྱིད་པོ་ཞེ་དྲག་ཡོད། སློབ་ཆུང་དང་བསྡུར་ན་སློབ་འབྲིང་གི་གཟའ་མཇུག་ངལ་གསོ་འཇོག་སྟངས་མི་འདྲ་ཞིང་། སློབ་འབྲིང་སྐབས་སུ་སློབ་ཚན་ཉིན་བཅུ་ཙམ་འཚོགས་ནས་ཉིན་གསུམ་དང་ཕྱེད་ཀ་ངལ་གསོ་འཇོག་གི་ཡོད། གཟའ་མཇུག་སླེབས་ཚེ་ངའི་སེམས་པ་ཧ་ཅང་དགའ་པོ་ཡོད། སློབ་མ་ཚང་མའི་སེམས་ཁམས་ང་དང་གཅིག་པ་ཡིན་པའི་ཡིད་ཆེས་ཡོད། ངལ་གསོ་ཐུག་དུས་མཁའ་རླུང་མངར་མོར་འགྱུར་བ་དང་། ལམ་ཐག་ཐུང་དུ་འགྲོ་བ། གཡས་གཡོན་གྱི་མེ་ཏོག་དང་རྩི་ཤིང་གིས་གད་མོ་དགོད་བཞིན་ཞོགས་པའི་འཚམས་འདྲི་ཞུ་བ་དང་མཚུངས། མཐའ་འཁོར་གྱི་དངོས་པོ་ཡོད་ཚད་མཚར་སྡུག་གི་མཛེས་པས་ཁེངས་འདུག །

གཟའ་མཇུག་གི་ངལ་གསོ་བཞག་ནས་ནང་ལ་སླེབས་རྗེས། ངས་ཁ་པར་ལ་ལྟ་གི་ཡོད། སློབ་མ་ཁ་ཤས་ནང་ལ་སླེབས་ནས་སྔོན་ལ་སྦྱོང་ཚན་འབྲི་གི་ཡོད་སྲིད་མོད། ང་ནི་དེ་ལྟར་མ་ཡིན་པར་ཡུན་རིང་ཁ་པར་ལྟ་རྒྱུ་མ་རག་པས་སྔོན་ལ་ཁ་པར་ལྟ་གི་ཡོད། སྦྱོང་ཚན་མང་ཆེ་བ་གཟའ་ཉི་མ་ལ་འབྲི་བ་དང་། བློ་འཛིན་བྱེད་རྒྱུ་ཡང་གཅིག་ཀྱང་བློ་འཛིན་ཐུབ་ཀྱི་མི་འདུག །དེའི་རྒྱུ་མཚན་གཙོ་བོ་ནི་ལག་ཐོགས་ཁ་པར་ལ་གཡེང་དྲགས་པས་ཡིན། ཉིན་ཞིག་ཨ་མས་ངའི་གཅུང་མོ་སློབ་གྲྭར་སྐྱེལ་བར་འགྲོ་ཁར། ང་ལ“ཨ་ཆེ། ད་ཡར་ལོངས། ནང་ལ་གཙང་སྦྲ་བྱོས”ཞེས་ཟེར། ངས་ཨ་མའི་ཁ་ལ་མ་ཉན་པར་སྐད་ཆ་དེ་རྣ་རྒྱབ་ཀྱི་ལྷགས་པར་བཏང་ནས་ཁ་པར་ལ་མགོ་འཁོར་ཏེ་བསྡད། ཨ་མ་ནང་ལ་སླེབས་པ་དང་ང་ད་དུང་ཉལ་ཡོད་པ་མཐོང་རྗེས། ངར་ལངས་ཏེ་ཁ་པར་ལག་ནས་བསྡུས་སོང་། ངས་ཨ་མར“དགོངས་པ་མ་ཚོམ”ཞེས་ཞུས་པས། ཨ་མས་ང“ཇེ་སྡུག་ནས་ཇེ་སྡུག་རེད་གདའ”ཟེར། དེའི་རྗེས་སུ་ངས་ཁ་པར་ཏོག་ཙམ་མ་གཏོགས་ལྟ་གི་མེད། ད་དུང་ཨ་མ་ལ་རོགས་བྱས་ཏེ་གོས་བཀྲུ་བ་དང་ཁྱིམ་དུ་གཙང་སྦྲ་སོགས་བྱེད་ཀྱི་ཡོད།

སློབ་འབྲིང་སྐབས་ཀྱི་གཟའ་མཇུག་དེ་ཉིན་གྲངས་མང་པོ་ཡོད་པ་ལྟར་སྣང་ཡང་། དངོས་གནས་བྱས་ནས་མདའ་མོ་བཞིན་མགྱོགས་མྱུར་གྱིས་རྫོགས་འགྲོ་གི་འདུག དེར་བརྟེན། ང་ཚོས་དུས་རྒྱུན་ནས་དུས་ཚོད་དམ་འཛིན་བྱེད་ཤེས་པ་དགོས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明