西藏青年报藏文版གལ་ཆེའི་གསར་འགྱུར། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། 2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་བོད་དུ་འབྱོར་ཐོ་འགོད་པར་ཕེབས་པ།

放大 缩小 默认

2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་བོད་དུ་འབྱོར་ཐོ་འགོད་པར་ཕེབས་པ།

2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་བོད་དུ་ཕེབས་པའི་རྣམ་པ།

“ནུབ་རྒྱུད་གསར་པ། འཚོ་བ་གསར་པ། འཚར་ལོངས་གསར་པ”ཞེས་པ་ཟླ་7ཚེས་24ཉིན་ནས་བཟུང་སྐབས་2024པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་ཐོ་འགོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ནང་ཁྱོན་མི་1029བསྡུས་པའི་ནང་ཞིབ་འཇུག་སློབ་མའི་སློབ་གསོར་རོགས་སྐྱོར་ཚོགས་པའི་མི་129ཡོད་པ་རེད། འདི་ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ་། ཀྲེ་ཅང་། ཕུའུ་ཅན། ཧྲན་ཏུང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་། ཧྲའན་ཤི་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)17དང་དེ་བཞིན་ཧྲན་ཤི་དང་། ཅང་ཞི། ཀོང་ཞི། ཧོ་ནན། སི་ཁྲོན། བོད་ལྗོངས་ དང་ ཞིང་ཆེན་6ནས་ཡོང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དང་བླངས་པ་བོད་དུ་འབྱོར་ཐོ་འགོད་རྗེས་དུས་ཡུན་ཉིན་4ཡི་ལས་གནས་མ་ཞུགས་གོང་གི་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་སློབ་ཚན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། བོད་ཀྱི་གནས་ཚུལ་དང་སྲོལ་རྒྱུན་རིག་གནས། ས་མཐོའི་འཕྲོད་བསྟེན་བདེ་ཐང་ཤེས་བྱ་སོགས་ཚུད་ཡོད་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་དང་བླངས་པ་ཚོས་རང་སོ་སོའི་ཞབས་ཞུའི་ལས་གནས་སུ་བསྐྱོད་རྒྱུ་ཡིན་པ་རེད། ཁོང་ཚོའི་ཞབས་ཞུའི་ལས་གནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)69དང་དེ་བཞིན་ཆུས(དབུས་ཁུལ)ཐད་གཏོགས་ཚན་པ་ཁག་གཅིག་ལ་ཁྱབ་ཡོད་པ་དང་ཞབས་ཞུའི་ཁྱབ་ཁོངས་དེ་ཞིང་འབྲོག་སྨན་བཅོས་དང་། རིག་གནས་སློབ་གསོ། གཞི་རིམ་བཅོས་སྐྱོང་། སྤྱི་ཚོགས་དོ་དམ། མཐའ་མཚམས་བརྟན་ལྷིང་། གཞོན་ནུའི་ལས་དོན་སོགས་དང་འབྲེལ་བ་ཡོད་པ་རེད།

དུས་རབས་འགྱུར་ལྡོག་འགྲོ་བཞིན་ཡོད་མོད། ལང་ཚོའི་རྒྱུན་འཛིན་ནི་ནམ་ཡང་གཅིག་མཐུན་ཡིན། ནུབ་རྒྱུད་དང་གཞི་རིམ་གྱི་གྲོང་གསེབ་བཅས་སུ་སྦྱོང་བརྡར་དང་འཚར་ལོངས་ཡོང་བར་བསྐྱོད་པ་ནི་གཞོན་ནུ་སྔར་ལས་མང་བའི་བདམ་ག་ཞིག་ཏུ་གྱུར་ཡོད། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ལག་བསྟར་བྱས་པ་ནས་བཟུང་སྔ་རྗེས་སུ་ཁག་21དང་དང་བླངས་པ་12877བོད་དུ་ཞབས་འདེགས་ཞུ་བར་བསྐྱོད་པ་དང་རིམ་རྩིས་བྱས་ན་དང་བླངས་པ་4005ཡིས་ཞབས་ཞུའི་དུས་ཚད་ཐིམ་ནས་བོད་དུ་ལས་ཞུགས་ལས་གཏོད་བྱ་རྒྱུའི་བདམ་ག་བྱས་པ་དང་། ཁོང་ཚོ་གཞི་རིམ་དུ་བསྐྱོད་དེ་གངས་ལྗོངས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་སྒང་སྤྱི་ཚོགས་བཅོས་སྐྱོང་དང་། སློབ་གསོ་འཕྲོད་བསྟེན། གཞི་རིམ་གཞོན་ནུའི་ལས་དོན། གྲོང་གསེབ་དར་རྒྱས་སོགས་ལ་དམིགས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་པའི་ཆེད་ལང་ཚོའི་ཁྲག་དྲོན་གསར་བསྣན་བྱེད་རྒྱུ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明