西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་རི་མོ་འབྲི་རྒྱུར་དགའ་པོ་ཡོད། ༄༅། །ང་རང་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྒྱལ་འདོད། ༄༅། །གོ་སྐབས་འདི་ཤོར་བའི་སྐབས་སུ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

放大 缩小 默认

༄༅། །གོ་སྐབས་འདི་ཤོར་བའི་སྐབས་སུ།

□ 作者 ཀུན་བཟང་དབང་མོ།

གནམ་གཤིས་ཚ་གྲང་སྙོམ་པའི་གཟའ་ལྷག་པའི་ཉིན་དགུང་ཞིག་ལ་ང་ནི་སྔར་རྒྱུན་བཞིན་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ་ལ་སློབ་ཚན་དུ་ཕྱིན་པ་ཡིན།

ཉིན་དེ་ནི་རྣམ་ཀུན་དང་མི་འདྲ་བར་བོད་ཡིག་གི་སློབ་ཕྱིའི་དཔེ་དེབ་འཁྱེར་བའི་སློབ་མ་འགའ་ཞིག་དང་རྒན་ལགས་རྣམས་ཀྱིས་ཕྱག་ལ་སློ་མ་འཁྱེར་ནས་ཕེབས་འདུག་པས་རྟེན་འབྲེལ་གྱི་རྟགས་ཞིག་ཀྱང་བསྟན་བྱུང་། འོན་ཀྱང་སྐབས་དེ་དུས་ང་ནི་གོ་མེད་ཚོར་མེད་ངང་ནས་བསྡད་ཡོད་པ་མ་ཟད་སེམས་ནང་དུ་དོགས་པ་ཅུང་ཞིག་སྐྱེས་ནས་ཡང་སྙིང་དེ་རིང་གང་བྱེད་མཁན་ཡིན་ནམ་སྙམ་སྟེ་ཡར་འཛུལ་ཕྱིན་པ་ཡིན། དེ་རྗེས་སྐར་མ་ལྔ་ཙམ་འགོར་བའི་རྗེས་སུ་རྒན་བསྟན་འཛིན་ལགས་ཀྱིས་གཙོ་སྐྱོང་གནང་ནས་མཐོ་གཉིས་ཀྱིས་དཔེ་ཀློག་མྱོང་ཚོར་འགྲན་བསྡུར་ད་ལྟ་དངོས་སུ་འགོ་ཚུགས་སོང་ཞེས་གསུངས་ལ་ཐལ་མོའི་རྡེབ་སྒྲ་དང་བཅས་པས་སློབ་མ་རེ་རེར་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་གླེང་སོང་།

སྐབས་དེ་དུས་ང་ནི་མི་ལྟོགས་པར་ཁྱི་སྐྱུག་པའི་རེ་བ་བཞིན་རང་ཉིད་ཀྱི་དཔེ་ཀློག་བྱས་པའི་མྱོང་ཚོར་དེ་ཡང་མཉམ་སྤྱོད་བྱེད་འདོད་ཀྱི་བློ་དེ་ནི་རྒྱ་མཚོའི་ནང་གི་རྦ་རླབས་བཞིན་ཏུ་འཕྱུར། འོན་ཀྱང་ཚང་མ་ཕྱི་དྲག་འདུག ངས་བྱེད་སྒོ་དེ་འདྲ་ཞིག་ཡོད་པ་གཏན་ནས་ཚོར་མ་བྱུང་ལ་རྒན་ལགས་ཀྱིས་ཀྱང་ང་ལ་འགྲོ་འདོད་ཡོད་དམ་ཞེས་སྐད་ཆ་གཅིག་ཀྱང་མ་དྲིས་པར་གོ་སྐབས་ལམ་སེང་སློབ་ཕྲུག་གཞན་གཉིས་ལ་སྦྱིན་འདུག་པས། སྐབས་དེ་དུས་ངའི་སེམས་པ་ནི་དགུན་ཁར་ལུས་སྟེང་དུ་ཆུ་གྲང་མོ་ཤོད་པ་བཞིན་དུ་གྲང་ཤུར་རེར་གནས་སོང་བ་མ་ཟད། རྒན་ལགས་ཀྱིས་ང་ལ་ཁོང་གཉིས་དང་སྤྱི་སྙོམས་ཀྱི་འགྲན་རྩོད་བྱེད་པའི་གོ་སྐབས་དེ་འདྲ་ཞིག་ཀྱང་མ་སྤྲད་པའི་རྒྱུ་མཚན་གང་ཡིན་བསམ་ནས་སྙིང་ལ་གྲི་བཙུགས་པ་ལྟར་ན་ཟུག་བཏང་སྟེ་མིག་ཆུ་ཕྲན་བུ་ཡང་ཤོར་བྱུང་། ཡིན་ཡང་དེ་ཉིན་ངས་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ཁྲོད་ཁོང་ཚོའི་ལུས་ཐོག་ནས་དཔེ་ཀློག་གི་རིན་ཐང་རྟོགས་ཐུབ་བྱུང་ལ། རང་ཉིད་ཀྱིས་དཔེ་ཀློག་གོམས་གཤིས་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་དགོས་པའི་དམ་བཅའ་ཡང་བརྟན་པོར་བཞག་པ་ཡིན།

རང་ལ་གདམས་པ། སྐྱོ་སྐྱོ་མ་གནང་བུ་མོ་ལགས། །མདུན་ཕྱོགས་ལམ་བུར་འོད་ཟེར་ལྡན། །གོ་སྐབས་དེ་དང་དེ་འདྲ་བ། །ཁྱེད་ལ་ངེས་པར་ཐོབ་ངེས་ཡིན། །མིག་རྒྱང་རིང་དུ་བལྟས་ནས་ནི། །དོན་ཆུང་སེམས་པས་གདུང་དོན་མེད། །དེ་ལ་དམིགས་ནས་ཉམས་ལེན་གྱིས། །ཕྱིས་ཀྱི་གོ་སྐབས་བརྩོན་པས་གཅེས། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明