西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་མའི་སེམས། ༄༅། །ངའི་རྨི་ལམ། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ། ༄༅། །ངའི་ཕ་ཡུལ། ༄༅། །དུས་ཚོད།

放大 缩小 默认

༄༅། །ངའི་རྨི་ལམ།

□ 作者 བསོད་ནམས་དབང་ཕྱུག

ང་ཚོ་ཚང་མར་རྨི་ལམ་འདྲ་མིན་སྣ་ཚོགས་རྨིས་ཀྱི་ཡོད། ལྷག་པར་དུ་ང་ཚོ་སེམས་མི་སྐྱིད་པའི་སྐབས་སུ་རྨི་ལམ་ཁྱད་མཚར་པོ་དེ་འདྲ་རྨིས་ཀྱི་ཡོད།

ང་རང་ཆུང་ཆུང་གི་སྐབས་སུ་ཉིན་ཞིག་ལ་ང་ཚོ་ནང་མི་སྤུན་མཆེད་གླིང་ཁ་གཏོང་བར་འགྲོ་བའི་སྐབས་ངས་གཟབ་གཟབ་མ་བྱས་པའི་དབང་གིས་གྲོག་མ་ཞིག་རྡོག་བརྫིས་ཐེབས་སོང་། དེ་ཨ་མས་མཐོང་སྟེ་ང་ལ་ལམ་སེང་སྡིག་བཤགས་བྱེད་དུ་བཅུག་པ་མ་ཟད། དགོང་མོ་ཁྱོད་གཉིད་ཁུག་དུས་གྲོག་མ་ཁྱོད་ཀྱི་རྣའི་ནང་འཛུལ་ཡོང་གི་རེད་ཅེས་གསུངས་བྱུང་བས་ང་ཤིན་ཏུ་སྐྲག་ནས་ཉིན་གང་བློ་བདེ་པོ་མ་བྱུང་།

དེ་ནས་ཨ་ཁུའི་ནང་ལ་སོང་བས་གཅེན་པོས་གདོན་འདྲེའི་གློག་བརྙན་ཞིག་བསྟན་བྱུང་བས་སེམས་པ་དེ་བས་དངངས་འཚབ་ཆེ་རུ་ཕྱིན་སོང་། ཁ་ལག་བཟས་ཚར་རྗེས་གང་མགྱོགས་ཁྱིམ་ལ་ལོག་སྟེ་ང་ཚོ་ཚང་མ་གཉིད་དུ་ཡུར་བས་ངའི་རྨི་ལམ་ཡང་འགོ་བཙུགས་སོང་། རྨི་ལམ་ནང་རང་ཉིད་ངོ་མི་ཤེས་པའི་ས་ཆ་ཞིག་ལ་སླེབས་འདུག གཡས་གཡོན་ལ་མི་གཅིག་ཀྱང་རིག་རྒྱུ་མི་འདུག ངས་ཨ་མ་ཨ་མ་ཞེས་སྐད་ག་ཚོད་རྒྱབ་ཀྱང་ཁ་ཡ་བྱེད་མཁན་མི་འདུག་ལ་ཨ་མ་ཡང་མཐོང་རྒྱུ་མི་འདུག་པས་ངས་ངུས་པ་ཡིན། ཁྱུག་ཙམ་སོང་རྗེས་ངས་ཨ་ཕ་ལགས་ཀྱིས་གསུངས་པའི་བཀའ་མོལ་ཞིག་དྲན་བྱུང་། 〝བུ། གནས་ཚུལ་ག་རེ་བྱུང་ནའང་ལས་སླ་པོར་མིག་ཆུ་གཏོང་མི་རུང་〞 དེ་ནི་ཨ་ཕས་དུས་རྟག་ཏུ་ང་ལ་གསུངས་མྱོང་བའི་བཀའ་མོལ་ཞིག་རེད། དེ་ནས་ངས་ལམ་སེང་མིག་ཆུ་འཕྱིས་ཏེ་ཕར་ཙམ་སོང་བ་ཡིན། གློ་བུར་དུ་ངའི་མདུན་དུ་གཟུགས་སྟོབས་རང་ཉིད་ལས་ཆེ་བའི་གྲོག་མ་ཞིག་གིས་ང་ལ་ཁོང་ཁྲོའི་མིག་ཅེ་རེར་བལྟ་བཞིན་འདུག་པས་ཤིན་ཏུ་སྐྲག་བྱུང་། ལམ་སེང་འཇིགས་སྣང་དང་དངངས་སྐྲག་ངང་རྒྱུགས་ཤར་སློད་ནས་བྲོས་ཕྱིན་པ་ཡིན། གང་ཙམ་སོང་རྗེས་ནགས་གསེབ་ཅིག་ཏུ་སླེབས། རྒྱབ་ལ་བལྟ་དུས་གྲོག་མ་རིག་རྒྱུ་མི་འདུག་པས་ངལ་གསོ་ཏོག་ཙམ་རྒྱབ་པ་ཡིན། དེ་དུས་ལུས་ཡོངས་རྔུལ་ཆུས་འཚོས་ཤིང་དཀའ་ལས་ཧ་ཅང་ཁག ཏོག་ཙམ་སོང་རྗེས་ཅི་འདྲ་བྱས་ཀྱང་རང་ཉིད་ཀྱི་རྒྱབ་ལ་མི་ཞིག་ཡོད་པའི་སྣང་བ་ཞིག་འདུག དེ་ནས་ངས་རྒྱབ་ཕྱོགས་སུ་ག་ལེར་བལྟས་པ་ན་ཕྱི་དྲོ་ལྟད་མོའི་ནང་ཡོད་པའི་གདོན་འདྲེ་དེ་མཐོང་བྱུང་བས་ཞེད་ཐག་ཆོད་དེ་སྐད་ཆེན་པོ་ཞིག་རྒྱབ་པས་ང་རྨི་ལམ་ལས་ཐར་བྱུང་། འདི་ནི་ངའི་རྨི་ལམ་ཡིན་ནོ། །

ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༤)

ཟུར་ཁྲིད་དགེ་རྒན། དབང་གྲགས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明