西藏青年报藏文版ཕྱོགས་བསྡུས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ དྲ་ཐོག་མཐུན་འབྲེལ་བྱེད་སྒོ་སྤེལ་བ། བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་བོད་ལྗོངས་ཀའོ་ཡོན་ཨན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དབར་སྤྱི་ཕན་ཐབས་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ། དྭངས་གཙང་ཆུ་ཡི་དགེ་མཚན། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་བོད་ཀྱི་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

放大 缩小 默认

སྣ་དཀར་རྩེ་རྫོང་དང་མིང་ཀོང་གྲོང་ཁྱེར་གྱི་དགེ་སློབ་ཚོས།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ དྲ་ཐོག་མཐུན་འབྲེལ་བྱེད་སྒོ་སྤེལ་བ།

ཉེ་ཆར། སྣ་དཀར་རྩེ་རྫོང་ཨུད་དང་། རྫོང་སྲིད་གཞུང་། གུང་གཞོན་སྡེ་ཚོགས་ཁྲུའུ་ཀྲོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐུན་མོང་སྐུལ་འདེད་འོག སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་སློབ་ཆུང་དང་ཁྲུའུ་ཀྲོའུ་གྲོང་ཁྱེར་མིང་ཀོང་གྲོང་ཁྱེར་བཟོ་པའི་བུ་ཕྲུག་སློབ་ཆུང་གིས“མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། ལྔ་པའི་ཚེས་ལྔ་བརྩེ་བ་ཟབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲ་ཐོག་མཐུན་འབྲེལ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་རྒྱུན་འཛིན་དང་། མི་རིགས་དབར་གྱི་བརྩེ་སེམས་གཅིག་ཏུ་སྒྲིལ་བ། མི་རིགས་ཁག་གི་དགེ་སློབ་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

མཐུན་འབྲེལ་བྱེད་སྒོ་ཕྲུ་གུ་ཚོའི་སྐད་གསང་མཐོན་པོའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། དཔལ་སྡེ་ཤང་སློབ་ཆུང་གི་དགེ་སློབ་ཚོས་བརྙན་ལམ་སྦྲེལ་ནས་མིང་ཀོང་གྲོང་ཁྱེར་བཟོ་པའི་བུ་ཕྲུག་སློབ་ཆུང་གི་དགེ་སློབ་ཚོ་དང་དྲ་ཐོག་ནས་མཉམ་འགུལ་བྱས་ཏེ་ཁྲོམ་བྲོ་དང་། སློབ་དེབ་ཟློས་གར། མི་རིགས་ཀྱི་ཞབས་བྲོ། སྙན་ངག་གྱེར་འདོན་སོགས་ཁག་སོ་སོར་འཁྲབ་སྟོན་བྱས་པ་རེད། ས་ཆ་གཉིས་ཀྱི་སློབ་མས་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་རང་སོ་སོའི་སློབ་གྲྭ་དང་། ཕ་ཡུལ་གྱི་ཞིམ་ཟས། ཡུལ་སྐོར་ཐོན་ཁུངས། ཁྱད་ལྡན་རིག་གནས་བཅས་ངོ་སྤྲོད་བྱས་པ་རེད།

“ད་ཐེངས་ཀྱི་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། བརྙན་ལམ་ནས་མིང་ཀོང་གྲོང་ཁྱེར་གྱི་གྲོགས་པོ་ཆུང་ཆུང་དང་གྲོགས་པོ་བསྒྲིགས་པ་དང་། ཁོ་ཚོའི་སློབ་སྦྱོང་གི་རྣམ་པ་དང་ས་གནས་ཀྱི་རིག་གནས་ཚོར་ནས་ང་རང་གི་མཐོང་རྒྱ་ཆེ་རུ་ཕྱིན་སོང”ཞེས་དཔལ་སྡེ་ཤང་སློབ་ཆུང་གི་སློབ་མ་ནོར་བུ་དགྲ་འདུལ་གྱིས་དགའ་སྤྲོའི་ངང་བཤད།

བྱེད་སྒོ་སྤེལ་རིང་། ས་ཆ་གཉིས་ཀྱི་སློབ་མས་ད་དུང་ཕན་ཚུན་གྱི་ཡུལ་སྐད་སྦྱངས་པ་མ་ཟད། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྱུང་ཁུངས་ཤེས་རྟོགས་དང་བསང་ཁུག་ཀྱང་བཟོས་པ་རེད།

སྣ་དཀར་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ལི་ཏ་ལུང་གིས། ད་ཐེངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མཐུན་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད་བོད་དང་ཨན་ཧུའེ་ས་ཆ་གཉིས་ཀྱི་སློབ་མར་ཕན་ཚུན་འབྲེལ་བ་བྱེད་པའི་ཟམ་པ་བསྐྲུན་ཡོད། ང་ཚོས་མུ་མཐུད་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་བཅས་བྱས་ནས་བོད་དང་ཨན་ཧུའེ་ས་ཆ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་དང་སེམས་མཐུན་ཕུགས་འདུན་འགྲུབ་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明