西藏青年报藏文版གལ་ཆེའི་གསར་འགྱུར།  སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་བོད་ཀྱི་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། གངས་ལྗོངས་ས་མཐོའི་ཏང་དར་དམར་མདངས་རྒྱས།

放大 缩小 默认

གངས་ལྗོངས་ས་མཐོའི་ཏང་དར་དམར་མདངས་རྒྱས།

འདི་ནི་ཚེ་རིང་ནོར་བུས་དཔོན་དམག་ཚོ་དང་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།

“བདུན་གཅིག”གི་སྔ་ནུབ་ཏུ་མངའ་རིས་དམག་ཁུལ་གྱི་མཐའ་སྲུང་ཐོན་ཤོག་ཅིག་གི་སྲིབ་སྐྱིད་མཐའ་སྲུང་ལན་ཤོག་གིས་དམིགས་བསལ་གྱི་མགྲོན་པོ་ཞིག་བསུས་ཤིང་། ཁོང་ནི་རྒྱལ་ཡོངས་ཀྱི“དམག་བཀུར་མི་སྣ་ཡག་ཤོས”ལ་བདམས་པའི་བསྟི་ཡག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུ་རེད། ཁོང་དེ་སྔ་ལན་ཤོག་འདིར་ལོ་15དམག་མི་བྱེད་མྱོང་ཡོད།

“ང་ལན་ཤོག་ཏུ་ཐོག་མར་སླེབས་སྐབས་ས་ཆ་འདི་སྐྱ་ཐེར་ཐེར་ཡིན་ཞིང་། གང་ཡང་མི་འདུག”ལན་ཤོག་ཏུ་འབྱོར་རྗེས་ཚེ་རིང་ནོར་བུས་རང་ཉིད་ཀྱི་མྱོང་བ་དངོས་དྲངས་ནས་དཔོན་དམག་ཚོར་ལན་ཤོག་གི་ལོ་རྒྱུས་བརྗོད་པ་དང་། དཔོན་དམག་མི་རབས་མང་པོས་མཐའ་མཚམས་སྲུང་སྐྱོང་བྱས་པའི་གཟི་བརྗིད་ལོ་རྒྱུས་མཉམ་དུ་ཕྱིར་དྲན་བྱས་པ་མ་ཟད། ད་དུང་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明