དེང་རབས་གཞོན་ནུ་རྣམས་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ལས་འགན་དང་འགན་འཁྲི་གལ་ཆེན་ཕྲག་ཏུ་བབ་ཡོད། ཁོང་ཚོ་ནི་དུས་རབས་ཀྱི་དཔང་པོ་དང་གསར་གཏོད་པ་ཡིན་ཞིང་ཁོང་ཚོའི་འཚར་ལོངས་དང་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་དར་རྒྱས་དང་ཡར་ཐོན་ལ་འབྲེལ་བ་དམ་ཟབ་ཡོད། དེས་ན་དེང་རབས་ཀྱི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་བཤད་ན་ཁོ་ཚོའི་ལས་འགན་དང་འགན་འཁྲི་ནི་དངོས་གནས་གང་ཞིག་ཡིན་ནམ་ཟེར་ན། དེང་རབས་གཞོན་ནུའི་ལས་འགན་ནི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་མཁན་དེ་ཡིན་པ་མ་ཟད་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་བསྟུན་ནས་གཞོན་ནུ་རྣམས་ལ་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་མང་པོ་ཞིག་འཕྲད་ཡོད། དཔེར་ན། ཁོར་ཡུག་སྦགས་བཙོག་དང་། དབུལ་ཕོངས། ཤེས་རིག་ཞན་པ་སོགས་ལྟ་བུའོ།། སྤྱི་ཚོགས་ཁོངས་མི་ཞིག་ཡིན་པའི་ཆ་ནས་བཤད་ན་གཞོན་ནུ་རྣམས་ཀྱིས་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་ནས་ཧུར་ཐག་ངང་ཞུགས་ཏེ་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་སུ་འགྲོ་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ།
དེང་རབས་གཞོན་ནུ་དང་བླངས་བྱེད་སྒོར་ཞུགས་པ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་སེམས་ཁུར་བྱེད་པའམ་སྤྱི་ཚོགས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་གང་མང་ལ་བརྟེན་ནས་རང་ཉིད་ཀྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་ཆོག དེང་རབས་གཞོན་ནུའི་ལས་འགན་ནི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་པས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་འཛིན་པ་དང་འཕེལ་རྒྱས་གཏོང་མཁན་ཡིན་པའི་གཞོན་ནུ་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་སློབ་སྦྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གཤིས་རྒྱུད་དང་རིན་ཐང་ལྟ་བ་རྒྱུན་འཛིན་བྱ་དགོས། དུས་མཚུངས་སུ་ཁོ་ཚོ་ཡང་དེང་རབས་རིག་གནས་གསར་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་ནས་རིག་གནས་དར་རྒྱས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁོང་ཚོས་རྩོམ་འབྲི་དང་། རི་མོ། རོལ་དབྱངས། ཞབས་བྲོ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་རང་ཉིད་ཀྱི་བསམ་བློའི་བརྩེ་དུང་མཚོན་པར་བྱས་ཏེ་དྲང་ཕྱོགས་ཀྱི་སྣང་བརྙན་གཏོད་པ་དང་དྲང་ཕྱོགས་ཀྱི་རིན་ཐང་ལྟ་བ་ཁྱབ་སྤེལ་བཅས་བྱེད་པ། དེང་རབས་གཞོན་ནུའི་ལས་འགན་ནི་མི་སྒེར་གྱི་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེའང་གཞོན་ནུའི་དུས་ཀྱི་མི་ཚེའི་དུས་རིམ་གལ་ཆེན་ཞིག་ཡིན་པས་ཁོ་ཚོས་དུས་རིམ་འདིའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ་རང་ཉིད་ཀྱི་ཤེས་བྱ་དང་རྩལ་ནུས་མཐོར་འདེགས་ཧུར་ཐག་བཏང་སྟེ་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱ་དགོས།
དེང་རབས་གཞོན་ནུས་སློབ་སྦྱོང་དང་ལག་ལེན། དངོས་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ནས་རང་ཉིད་ཀྱི་ཆེད་ལས་བྱང་ཚད་དང་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འབྱུང་འགྱུར་གྱི་ལས་ཀ་དང་བྱ་གཞག་ལ་རྨང་གཞི་བརྟན་པོ་འདིང་ཆོག དེ་དང་ཆབས་ཅིག་ཁོང་ཚོས་རང་ཉིད་ཀྱི་གསར་གཏོད་སྙིང་སྟོབས་དང་ལས་གཏོད་འདུ་ཤེས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་འགྲན་སློང་དང་ལེན་དང་ཉེན་མཆོང་བྱེད་ཕོད་པ། རང་ཉིད་ཀྱི་ཕུགས་བསམ་དོན་གཉེར་བྱེད་ཕོད་པ་བཅས་བྱས་ནས་དེང་རབས་གཞོན་ནུའི་ལས་འགན་ནི་སྤྱི་ཚོགས་ཡར་ཐོན་དང་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཞོན་ནུ་རྣམས་ནི་དུས་རབས་ཀྱི་གདོང་ལེན་པ་དང་གསར་གཏོད་པ་ཡིན་པས་ཁོ་ཚོ་སྤྱི་ཚོགས་འཕོ་འགྱུར་དང་ཡར་ཐོན་ཡོང་བའི་འཕེལ་རིམ་ནང་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ལ་བསམ་བློ་གསར་པ་དང་ལག་རྩལ་གསར་པའམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་བཅས་ཡོང་བ་བྱ་དགོས། ཁོང་ཚོས་ཚན་རྩལ་གསར་གཏོད་དང་ལས་གཏོད་ལག་ལེན། སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལ་གོ་སྐབས་དང་བསྒྲུབ་ཐུབ་པའི་རང་བཞིན་སྔར་ལས་མང་བ་ཞིག་བསྐྲུན་ཆོག དེང་རབས་གཞོན་ནུ་ལ་སྲོལ་རྒྱུན་གྱི་འདུ་ཤེས་དང་ད་ལྟའི་གནས་ཚུལ་ལ་འགྲན་སློང་ཕོད་པའི་ནུས་པ་ལྡན་ལ། གསར་སྐྲུན་དང་གསར་གཏོད་ཀྱི་སྤོབས་པ་ཡོད་པའི་ངང་ནས་སྤྱི་ཚོགས་ཡར་ཐོན་ཡོང་བར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
དེང་རབས་གཞོན་ནུའི་ལས་འགན་དང་འགན་འཁྲི་ནི་ཕྱོགས་མང་པོའི་ཐད་ནས་ཡོད་ཅིང་། དེའི་ནང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་དང་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། མི་སྒེར་གྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དེར་སྤྱི་ཚོགས་ཀྱི་བྱ་གཞག་ཡར་ཐོན་དང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་ཡང་ཚུད་ཡོད། ཁོང་ཚོས་རང་ཉིད་ཀྱི་གལ་ཆེའི་རང་བཞིན་དང་འགན་འཁྲི་ངོས་འཛིན་གང་ལེགས་བྱས་ནས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་མངོན་འགྱུར་ཡོང་བའི་ཆེད་དུ་འབད་བརྩོན་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་འགྲོ་བ་དང་སྤྱི་ཚོགས་དར་རྒྱས་ཡར་ཐོན་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་བོ།།
ཚེ་རིང་ཐར།