西藏青年报藏文版ཕྱོགས་བསྡུས། ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཁོངས་གཏོགས་ཀྱི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གི་ཏང་ཀྲི་པུའུ་ཡིས་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ། ཐུན་མོང་གི་འཚོ་གནས་འདིའི་ཆེད་དུ། སྤོའོ་གླིང་ག་སྡེ་ཁུལ་གྱིས་“ཤེས་དཔལ་འགྲིམ་འགྲུལ་ཏང་ཡོན་སྔོན་ལ་སྤེལ་བའི”འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

放大 缩小 默认

སྤོའོ་གླིང་ག་སྡེ་ཁུལ་གྱིས་“ཤེས་དཔལ་འགྲིམ་འགྲུལ་ཏང་ཡོན་སྔོན་ལ་སྤེལ་བའི”འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཉེ་ཆར་སྤོའོ་གླིང་གའི་སྡེ་ཁུལ་ཏང་ཀྲི་པུའུ་དང་བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གི་ཏང་ཀྲི་པུའུ་མཉམ་འབྲེལ་བྱས་ནས་སྤོའོ་གླེང་གའི་སྡེ་ཁུལ་གྱི་ཐོག་བརྩེགས་གཉིས་པའི་ཚོགས་ཁང་དུ“འགྲིམ་འགྲུལ་ཤེས་དཔལ་ཏང་ཡོན་སྔོན་ལ་སྤེལ”ཞེས་པའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། སྤོའོ་གླིང་གའི་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་ཏང་ཀྲི་པུའུ་ཡི་ཏང་ཡོན། ཏང་ནང་ཞུགས་པའི་ཧུར་བརྩོན་པ། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་མི་དང་མང་ཚོགས་བཅས་ཁྱོན་མི་20ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་ལྔ་བཞིའི་གལ་ཆེན་དགོངས་དོན་དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་པ་གཅོད་པའི་སྲོལ་ཡིག》གི་ལེའུ་ལྔ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཉེན་བརྡའི་སྐོར་གྱི་སློབ་གསོའི་གློག་བརྙན་གྱི་ལེ་ཚན་ཁ་ཤས་བལྟས་བ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་ལས་ཐོག་ཏང་ཡོན་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་བསྐྱོད་དེ་འགྲོ་འོང་བྱེད་མཁན་ལ་《“ཤེས་དཔལ་འགྲིམ་འགྲུལ”བྱེད་སྒོའི་སྲོལ་ཡིག》སྤྲད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཁོངས་གཏོགས་ཁུལ་གྱི་བཅའ་སྡོད་སྡོད་གནས་ཚན་པའི་ལས་ཐོག་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་སྣེ་ཁྲིད་ནུས་པ་མུ་མཐུད་སྐུལ་སློང་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཏང་འཛུགས་སྐྱོང་བྱེད་སྒོ་དང་། རོགས་སྐྱོར་འཚམས་འདྲི། རིག་རྩལ་མཉམ་འཁྲབ་སོགས་ཤུགས་ཆེན་སྤེལ་ནས་མཉམ་སྐྲུན་དང་མཉམ་སྐྱོང་མཉམ་སྤྱོད་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明