西藏青年报藏文版གལ་ཆེའི་གསར་འགྱུར། མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། 2024ལོའི་ལྗོངས་ཡོངས་ཀྱི་གསར་འགྱུར་རྩོམ་སྒྲིག་ལས་སྒོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ། “དམར་པོ་ཡི་ལྷུན་རྩེ•བདེ་སྐྱིད་ཀྱི་མཐའ་མཚམས”བརྗོད་བྱ་གཙོ་བོའི་ངོ་སྤྲོད་ཚོགས་འདུ་སྨན་གླིང་དུ་འཚོགས་པ། ལོ་སྒྲིལ་འབྲས་ཆན་ཞིམ། དགའ་སྤྲོའི་འཛུམ་མདངས་འཁྱིལ།

放大 缩小 默认

“དམར་པོ་ཡི་ལྷུན་རྩེ•བདེ་སྐྱིད་ཀྱི་མཐའ་མཚམས”བརྗོད་བྱ་གཙོ་བོའི་ངོ་སྤྲོད་ཚོགས་འདུ་སྨན་གླིང་དུ་འཚོགས་པ།

ཉེ་ཆར་“དམར་པོ་ཡི་ལྷུན་རྩེ•བདེ་སྐྱིད་ཀྱི་མཐའ་མཚམས་”བརྗོད་བྱ་གཙོ་བོར་བྱས་པའི་ཞིང་པའི་ཡུལ་སྐོར་རིག་གནས་ཀྱི་ངོ་སྤྲོད་ཚོགས་འདུ་དེ་སྨན་གླིང་དུ་བདེ་བླག་ངང་འཚོགས་པ་རེད།

ས་གནས་ས་ཐོག་ཏུ་ལྷུན་རྩེ་རྫོང་གིས་ཡུལ་སྐོར་ཐོན་ཁུངས་དང་། ཡུལ་སྐོར་ལམ་ཐིག ཁྱད་ལྡན་ཞིམ་ཟས། ཡུལ་སྐོར་གྱི་ཐབས་ཇུས་བཅས་གཙོ་གནད་ཐོག་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་དང་། ཡུལ་སྐོར་སྤུས་རྟགས་ཀྱི་དྲིལ་བསྒྲགས་གློག་བརྙན་བསྟན་པ་དེའི་ཐོག་ནས་ལྷུན་རྩེའི་གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས། དམངས་སྲོལ་གྱི་ཡུལ་སྲོལ་གོམས་སྲོལ་བཟང་པོ་བཅས་གསོན་ཉམས་དོད་པོས་མངོན་པ་རེད། དེ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་ལྷུན་རྩེ་རྫོང་དང་ཡུལ་སྐོར་ཁེ་ལས་གྲགས་ཅན་ཁག་དབར་གན་རྒྱ་འཇོག་རྒྱུའི་མཛད་སྒོ་འཚོགས་པས་ཕྱོགས་གཉིས་པོས་ལྷུན་རྩེ་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་ལས་ཀྱི་གྲུབ་འབྲས་འཐོབ་རྒྱུ་ཡིན་པ་རེད།

གཞན་ཡང་ལྷུན་རྩེ་རྫོང་གི་ཡུལ་སྐོར་གྱི་མགྲིན་ཚབ་པ་ཝང་ཙི་ཧའོ་ཡིས་ཀྱང་གར་སྟེགས་ཐོག་གཏམ་བཤད་གནང་དོན། རང་ཉིད་ཀྱིས་ལྷུན་རྩེ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཐད་ཀྱི་དམིགས་བསལ་ལྟ་བ་མཉམ་སྤྱོད་བྱས་པ་དང་འབྲེལ་ལྷུན་རྩེ་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་གཞོལ་ནས་ཡུལ་སྐོར་བ་དེ་བས་མང་བ་འཚམས་འདྲིར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明