དེ་རིང་སྔ་པོར་གྲོགས་པོས་ང་ལ་སྐད་འཕྲིན་ཐོག་ནས་འབྲེལ་བ་བྱས་བྱུང་། དེ་རིང་གནམ་ལ་སྤྲིན་པ་མེད་ལ་ཉི་མ་ནི་དབྱར་ཁའི་ཉི་མ་ལྟར་ཚ་དྲོད་ཆེ། ང་རང་ཡང་ཕྱི་ལ་རྩེད་མོ་རྩེ་བར་འགྲོ་རྒྱུའི་འཆར་གཞི་ཡོད་པས་ཏག་ཏག་གྲོགས་པོའི་ཚིག་དེ་ངའི་འདོད་ཐོག་ལ་བབས་སོང་། ངས་དགའ་ཚོར་ཆེན་པོས་མོས་མཐུན་བྱས་པ་དང་ཁོ་སྔོན་ལ་ངའི་ནང་ལ་ཡོང་རྒྱུ་བྱས། ཁོ་སླེབས་རྗེས་ངེད་གཉིས་གླེང་མོལ་ཅུང་ཟད་བྱས་ཏེ་ཕྱི་ལ་རྩེད་མོ་རྩེ་བར་ཕྱིན།
ཐོག་མར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་འབབ་ཚུགས་ཁ་ཤས་བརྒྱུད་པ་དང་། དེ་ནས་འབབ་ཚུགས་རྗེས་མར་སླེབས་རྗེས་ངེད་གཉིས་མར་བབས་པ་དང་། ལམ་འགྲམ་གྱི་མཉམ་སྤྱོད་གློག་རྟ་དེ་བཞོན་ནས་རྩལ་སུ་མཁས་པ་ཡོད་མིན་འགྲན་པ་ཡིན། དེ་ནི་སྤྲོ་སྣང་ལྡན་ལ་ངར་ཤུགས་འཕེལ་བའི་རྩེད་མོ་ཞིག་རེད། དེ་ལྟར་འགྲན་བསྡུར་གཏུག་གིན་མདུན་དུ་གང་འཚམ་སོང་རྗེས། རྩེད་མོ་རྩེ་མ་འདོད་པར་གློག་རྟ་གཏན་ཁེལ་གྱི་འཇོག་ཁུལ་དུ་བཞག་པ་དང་ངེད་གཉིས་སྒྲོམ་སྟེགས་སྤོ་ལོ་རྒྱག་པར་ཕྱིན།
ངས་སྔོན་ཆད་སྒྲོམ་སྟེགས་སྤོ་ལོ་རྩེད་མྱོང་མེད་པས། ངེད་གཉིས་འགྲན་བསྡུར་བྱས་རུང་ང་ཕམ་རྒྱུ་ལས་མེད། སྟབས་ལེགས་པ་ཞིག་ལ་ང་རང་རླུང་རྟ་ཅུང་ཟད་མཐོ་བས་ཐེངས་མ་གཅིག་ང་ལ་རྒྱལ་ཁ་ཐོབ་བྱུང་། རང་ཉིད་ཀྱི་ངོ་སོ་རྦད་དེ་མ་ཤོར་བས་བློ་ཡིད་ཀྱང་ཚིམས། ནང་ལ་ལོག་རྗེས་ངེད་གཉིས་ཀྱིས་ད་གིན་གྱི་སྤོ་ལོ་རྒྱག་ལུགས་དང་འཛུལ་ལུགས་སོགས་ཀྱི་སྐོར་ཕྱིར་དྲན་བྱས་ཏེ། ཕན་ཚུན་འཕྱ་རེས་བྱས་པ་དང་སྤོ་ལོ་རྒྱག་སྟངས་ཐད་ནས་གནད་དོན་ལྷག་པ་རྣམས་ཕྱིས་སུ་ཡིད་གཟབ་བྱེད་དགོས་ལུགས་བཤད།
འཛམ་གླིང་ཐོག་གི་གྲོགས་པོ་དང་གྲོགས་མོའི་བར་གྱི་བརྩེ་བ་ནི་ལྷད་མེད་ཅིང་། དེ་དང་ལྷན་དུ་འགྲོགས་པའི་བདེ་སྐྱིད་ནི་བགྲང་ཡས་པ་ཞིག་རེད། གྲོགས་པོ་ཚོ་ནམ་ཡང་དགའ་དགའ་སྤྲོ་སྤྲོ་ཡོང་བར་སྨོན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།