西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་གཉེར་བ། ཅང་སུའུ་གཞོན་ནུའི་འཐུས་མི་ཚོགས་པས་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དུ་བརྟག་ཞིབ་བཞུགས་མོལ་གནང་བ། གཞོན་ནུ་ནི་འབྱུང་འགྱུར་གྱི་རྐང་འཛིན་པ་ཞིག་ཡིན། ལས་རིགས་སློབ་གསོ་སྡེ་ཁུལ་དུ་སྤེལ་ནས་དམངས་ཀྱི་ལུས་སེམས་གཅེས་པར་སྐྱོང་།

放大 缩小 默认

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་གཉེར་བ།

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་ཆོས་འཛོམས་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་གནང་སྟེ། ལས་བྱེད་ལས་བཟོ་ཡོངས་ལ་སྒྲིག་ཁྲིམས་སྦྱོང་རྒྱུ་དང་། སྒྲིག་ཤེས། སྒྲིག་གཞི། སྒྲིག་སྲུང་བཅས་ཏན་ཏིག་བྱ་རྒྱུའི་ཁྲིད་སྟོན་གནང་བ་རེད། ཚོགས་འདུ་དེ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་རིམ་པ་དང་པོའི་སྐོར་ཞིབ་པ་ཀུའུ་ཧྲུའུ་ཧྭ་ཡིས་གཙོ་སྐྱོང་གནང་བ་རེད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་ཚན་ཁག་གི་ཁོངས་མི་དང་ལས་བྱེད་ལས་བཟོ་པ་ཡོངས་འཆད་ཁྲིད་ནང་ཞུགས་ཡོད།

ཆེད་དོན་འཆད་ཁྲིད་དེ《འཐབ་ལམ་གསར་པར་མདུན་སྐྱོད་བྱེད་པའི་སྒྲིག་ཁྲིམས་འགན་ལེན་བརྟན་པོ་བྱ་རྒྱུ》ཞེས་པ་བརྗོད་བྱ་གཙོ་བོར་དམིགས་ནས《སྲོལ་ཡིག》བཟོ་བཅོས་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་།《སྲོལ་ཡིག》བཟོ་བཅོས་བྱས་པའི་འགག་རྩའི་ནང་དོན་ཁོང་དུ་ཡང་དག་ཆུད་པ།《སྲོལ་ཡིག》ཏང་གིས་རང་ཉིད་གསར་བརྗེར་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་དཔེ་མཚོན་གྱི་གྱོད་དཔེ་འབོར་ཆེན་དང་ཟུང་འབྲེལ་བྱས་ཏེ། ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གོ་སླ་བའི་འགྲེལ་བཤད་བརྒྱབ་ནས། ལས་བྱེད་ལས་བཟོ་བ་ཡོངས་སྣེ་ཁྲིད་ནས་ཏང་གི་སྒྲིག་ཁྲིམས་བླང་བྱ་ལ་ངོས་འཛིན་སྔར་ལས་གསལ་པོ་དང་སྔར་ལས་གཏིང་ཟབ་ཡོང་བ་བྱས་ཏེ་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཁྲོད་རང་རྟོགས་ཀྱིས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། རང་ཉིད་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། དོགས་ཟོན་བྱེད་པ། མ་མཐའི་མཚམས་ཐིག་སྲུང་ཐུབ་པ་བཅས་བྱས་ཏེ་གཞུང་སེམས་དྲང་པའི་སྡེ་ཚོགས་ཀྱི་ལས་བྱེད་པར་འགྱུར་བར་འབད་བརྩོན་བྱ་དགོས།

འཆད་ཁྲིད་བྱས་པ་བརྒྱུད་ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། 《སྲོལ་ཡིག་》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་དང་། ཏང་གིས་རང་ཉིད་གསར་བརྗེར་སྐུལ་འདེད་གཏོང་བའི་འོས་འཚམས་ཀྱི་དོན་བསྟན་པ་དང་བོད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། ཆབ་སྲིད་ཀྱི་གོ་གནས་མཐོ་རུ་གཏོང་དགོས་པ་དང་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་སྲུང་གི་རང་རྟོགས་ཚད་མཐོན་པོ་ཡོང་བ་བྱ་དགོས། དམིགས་འབེན་དང་བླང་བྱ་ཁོང་དུ་ཆུད་པ་དང་། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་གྱིས་ཤེས་སྤྱོད་ཟུང་འབྲེལ་བཅས་བྱས་ཏེ་སྒྲིག་ཁྲིམས་གསལ་པོ་དང་སྒྲིག་སྲུང་གི་ཚད་མཐོའི་རང་རྟོགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་བརྟན་པོ་དང་གཟབ་ནན་ངང་རྩ་བའི་བླང་བྱ་དངོས་མཐའ་འཁྱོངས་བྱས་ཏེ་སྒྲིག་སྲོལ་བརྩི་སྲུང་དང་སྒྲིག་སྲུང་གི་རང་རྟོགས་ཚད་མཐོན་པོ་ཡོང་བ་བྱ་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明