西藏青年报藏文版གལ་ཆེའི་གསར་འགྱུར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་པ་ཧུར་ཐག་བྱེད་པ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་པ་ཧུར་ཐག་བྱེད་པ། སྙིང་སྟོབས་རྒྱུན་འཛིན་གྱིས་སློབ་བུ་གསར་པ་སྐྱོང་བ།

放大 缩小 默认

སྙིང་སྟོབས་རྒྱུན་འཛིན་གྱིས་སློབ་བུ་གསར་པ་སྐྱོང་བ།

འདི་ནི་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོའི་འཐུས་མི་ནག་ཆུ་དམག་ཁུལ་ཡན་ལག་ཁང་གི་དམག་དོན་ལོ་རྒྱུས་ཀྱི་རིག་གནས་ཁྱམས་རིང་དུ་ཡོང་ནས་གསར་བརྗེའི་འགྲེམས་སྟོན་ལ་ལྟ་སྐོར་དང་དམག་འཐབ་ཀྱི་གཏམ་རྒྱུད་ཉན་བཞིན་པ།

ཉེ་ཆར། ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་དམག་དོན་ལོ་རྒྱུས་ཀྱི་རིག་གནས་ཁྱམས་རིང་གཞི་རྟེན་དུ་བྱས་ཏེ། “རྩྭ་ཐང་གི་དཔའ་བོ”སྤུས་དག་དང་། དཔའ་རྟུལ་འཕྲིན་ལས། “བོད་བྱང་ཐང་གི་གངས་ལྷ་མེ་ཏོག”ཕུང་ཡན་སོགས་དཔའ་བོ་དཔེ་བཟང་བའི་བྱས་རྗེས་ལ་བརྟེན་ནས་གསར་བརྗེའི་ཁྲག་རྒྱུན་ཟམ་མི་ཆད་པར་འཚོལ་བ་དང་སློབ་གསོའི་བྱེད་ཐབས་རྒྱ་སྐྱེད་བཏང་ནས་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明