西藏青年报藏文版ཕྱོགས་བསྡུས། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ200ལ་གཟེངས་བསྟོད་བྱ་རྒྱུ་ཡིན། བོད་ལྗོངས་ལྷོ་ཁའི“ཉིན་བརྒྱའི་འགག་སྒྲོལ”གྱིས་གྲོང་ཚོའི“གཟུགས་བརྙན”གསར་པར་གྱུར། འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ། སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་གློག་རྡུལ་ཐ་མག་འགོག་པའི་བྱེད་སྒོ་སྤེལ་བ། གཞོན་ནུའི་ཉམས་འགྱུར་མངོན། ལང་ཚོའི་ལེའུ་གསར་རྩོམ།

放大 缩小 默认

གཞོན་ནུའི་ཉམས་འགྱུར་མངོན། ལང་ཚོའི་ལེའུ་གསར་རྩོམ།

རང་ལྗོངས་ཀྱི་ས་གནས་ཁག་གི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་ཚོས་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སློབ་འབྲིང་གི་སློབ་མའི་འཐུས་མིས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་དར་མདུན་དུ་དམ་བཅའ་འཇོག་བཞིན་པ།

གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུ་རྣམས་ལ་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཕུགས་བསམ་ཡོད་པ་དང་། འགན་སེམས་ཡོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱེད་པའི་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་རིང་ལང་ཚོའི་བྱས་རྗེས་མངོན་པ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁུར་ཕོད་པའི་ལང་ཚོའི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་བཀའ་སློབ་གནང་བ་རེད།

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་སྒྲིག་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་བསུ་བ་ཞུས་ནས་དུས་རབས་གསར་པའི་ས་མཐོའི་གཞོན་ནུ་ཚོའི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

འདི་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བའི་ལོ་ཞིག་ཡིན་པ་དང་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་ལྕག་དང་སྐུལ་སློང་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སློབ་འབྲིང་གིས་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། སྡེ་ཚོགས་ནས་ཕྱིར་འཐེན་དང་སྡེ་ཚོགས་ལ་གསར་དུ་ཞུགས་པའི་མཛད་སྒོའི་ནང་ཕུལ་བྱུང་གི་སློབ་མའི་འཐུས་མི་ཁག་གཅིག་གིས་སྡེ་ཚོགས་ཀྱི་ཚོགས་དར་མདུན་དུ་དམ་བཅའ་བཞག་ནས་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མིར་དངོས་སུ་གྱུར་ཡོད། དགེ་རྒན་དང་རྒྱབ་ཕྱོགས་ཞབས་ཞུ་ཚོགས་ཆུང་གི་ལས་བཟོ་ཚོས་ཀྱང་གཟབ་མཆོར་ལེགས་པར་སྤྲས་ནས་སློབ་མའི་འཐུས་མི་དང་མཉམ་དུ་སློབ་མ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པས་དགའ་བསུ་ཆེན་པོ་ཐོབ་ཡོད།

རིག་རྩལ་སྐོང་འཁྲབ་ཀྱི་བར་གསེང་དུ་སློབ་གྲྭས་ད་དུང་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་སྒྲིག་འཛུགས་བྱས་ནས་སློབ་མ་མང་པོའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། བརྩམས་ཆོས་དེ་དག་གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་ལ། རྣམ་པ་སྣ་ཚོགས་ཤིང་། དེས་སྒྱུ་རྩལ་ཁྱབ་ཁོངས་ནང་གི་སློབ་མ་ཚོའི་ཤེས་ཡོན་དང་གསར་གཏོད་ནུས་པ་གང་ལེགས་མངོན་ཡོད།

ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས“ལང་ཚོའི་སེམས་པ་ཏང་ལ་ཕྱོགས། ཏང་ལ་བྱས་རྗེས་འཇོག་པར་རྒྱང་ལམ་གསར་པ་གཏོད”གཞོན་ནུའི་གཟེངས་བསྟོད་ཚོགས་ཆེན་དང་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཀྱི་ཉིན་མོའི་བྱེད་སྒོ་གཉེར་ནས་རྒྱལ་ཡོངས་རིམ་པ་དང་། སྤྱི་ཁྱབ་དངུལ་ཁང་རིམ་པ། དེ་བཞིན་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་རིམ་པ་བཅས་ཀྱི་མཚན་སྙན་ཐོབ་པའི་རྩ་འཛུགས་དང་གཞོན་ནུར་གཟེངས་བསྟོད་བྱས་པ་དང་། རྩ་འཛུགས་2དང་གཞོན་ནུའི་འཐུས་མི་3གྱིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི“ལྔ་བཞིའི”སྙིང་སྟོབས་དར་སྤེལ་གཏོང་བ་དང་མིག་དཔེའི་སྟོབས་ཤུགས་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་ལས་བྱེད་པས་སྤྱིར་བཏང་གི་ལས་གནས་ཁྲོད་ལས་བཀུར་གྱི་གཏམ་རྒྱུད་སྔོག་འདོན་བྱ་རྒྱུར་ལྕག་སྐུལ་བྱེད་པ། དམིགས་ཚད་ཡོད་པའི་སློབ་སྦྱོང་བྱེད་པ་དང་མིག་དཔེར་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་གཏོད་པ་བཅས་བྱ་ཆེད་ཡིན།

ལྔ་བཞིའི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ། གཞོན་ནུ་མི་དམངས་ཉེན་རྟོག་པས་འགན་འཁྲི་འཁུར་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་རྒྱལ་གཅེས་བརྩེ་སེམས་འཕེལ་བ་བཅས་བྱ་ཆེད། ཉེ་ཆར་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་རེས་འཁོར་སྦྱོང་བརྡར་རུ་ཆེན་གྱིས་ཏང་ཀྲི་པུའུ་ཁག་ཚན་པར་བྱས་ནས“ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་གཞོན་ནུའི་འགན་སེམས་མངོན་པའི”ཏང་གི་སློབ་ཚན་ཆུང་ངུའི་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་། བརྙན་ལམ་སློབ་སྦྱོང་གི་རྣམ་པའི་ཐོག་ནས“ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་ཀྱི་རིན་ཐང”གི་ནང་དོན་སློབ་སྦྱོང་བྱས་ཏེ། གཞོན་ནུ་མི་དམངས་ཉེན་རྟོག་པར་མི་ཚེའི་ལམ་བུར་བསྐྱོད་རྒྱུར་བསམ་པའི་མཛུབ་ཁྲིད་གང་ལེགས་བྱས་ཡོད། བྱེད་སྒོའི་ནང་ཏང་ཀྲི་པུའུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞོན་ནུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཉེན་རྟོག་པར་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་དང་། སློབ་སྦྱོང་གི་མྱོང་ཚོར་གླེང་བ། བསམ་བློ་སྤེལ་རེས་ཁྲོད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བའི་བསམ་བློའི་ངོས་འཛིན་རྒྱུན་མཐུད་ཟབ་ཏུ་གཏོང་བ། གཞོན་ནུ་མི་དམངས་ཉེན་རྟོག་པར་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྔར་བས་ལྕག་སྐུལ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་དད་སེམས་བརྟན་དུ་བཏང་བ་རེད། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ནས་ལས་གནས་ལ་གཞི་ཚུགས་ཏེ་ལང་ཚོ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྒྱུར་གཞུང་དྲང་། སྒྲིག་ཁྲིམས་ནན་པོ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོར་བསྟོད་གླུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཉེ་ཆར་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྐབས་བསྟུན་ཡན་ལག་རུ་ཁག་གཉིས་པས་ལང་ཚོའི“དམ་བཅའ་དང་། དོན་གཉེར། བཀའ་སློབ། འབད་འཐབ”བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཐན་ཀོན་སན་དྲན་གསོ་ཁང་དུ་གུང་གཞོན་ཚོགས་མི་ཡོངས་ཀྱིས་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་ཏེ་གཞོན་ནུ་དཔོན་དམག་ཚོར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཕུལ་བྱུང་ཞིག་བྱེད་པའི་ལྕག་སྐུལ་བྱས་པ་དང་། བརྗོད་དོན་གཙོ་བོའི་གཏམ་བཤད་བྱེད་སྒོ་སྤེལ་ཡུལ་དུ་རུ་ཆུང་ཁག་གི་གཞོན་ནུ་དཔོན་དམག་ཚོས་གཏམ་བཤད་ལྷུག་པོར་སྤེལ་ནས་རང་གི་ལས་གནས་དང་ཟུང་འབྲེལ་བྱས་ཏེ། ལྔ་བཞིའི་སྙིང་སྟོབས་ལ་སློབ་སྦྱོང་དང་གོ་བ་ལེན་རྒྱུར་འགྲེལ་བཤད་བརྒྱབ་ཡོད་པ་རེད། “གཞོན་ནུ་དཔོན་དམག་ཡིན་པའི་ང་ཚོས་སྔོན་བྱོན་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ་ས་མཐོར་གཞི་ཚུགས་པ་དང་དམག་སྒར་ལ་ལེགས་སྐྱེས་ཕུལ་ཏེ་བོད་ཀྱི་དར་རྒྱས་བརྟན་ལྷིང་ཆེད་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་དམིགས་བསལ་དམག་འཐབ་ཀྱི་རྩེར་སོན་དམག་མི་ཁྲེན་ཏན་ཅིན་གྱིས་བཤད།

བསོད་བདེ་གཞོན་པས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明