西藏青年报藏文版ཕྱོགས་བསྡུས། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ200ལ་གཟེངས་བསྟོད་བྱ་རྒྱུ་ཡིན། བོད་ལྗོངས་ལྷོ་ཁའི“ཉིན་བརྒྱའི་འགག་སྒྲོལ”གྱིས་གྲོང་ཚོའི“གཟུགས་བརྙན”གསར་པར་གྱུར། འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ། སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་གློག་རྡུལ་ཐ་མག་འགོག་པའི་བྱེད་སྒོ་སྤེལ་བ། གཞོན་ནུའི་ཉམས་འགྱུར་མངོན། ལང་ཚོའི་ལེའུ་གསར་རྩོམ།

放大 缩小 默认

བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ200ལ་གཟེངས་བསྟོད་བྱ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་ཀྱིས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་འོས་སྦྱོར་དཔྱད་འདེམས་གཟེངས་བསྟོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་3པར་བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་དང་དཔྱད་འདེམས་སྐོར་གྱི་བརྡ་ཐོ》པར་སྐྲུན་བྱས་ནས། ལྗོངས་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་30ལས་གྲུབ་པའི་རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་འོས་སྦྱོར་དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས་ནས་མིག་སྔར་འོས་སྦྱོར་དཔྱད་འདེམས་ལས་དོན་ལེགས་གྲུབ་ཟིན་པ་རེད།

སྤེན་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་200ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་དང་། གཟེངས་བསྟོད་བྱ་ཡུལ་ཁྲོད་འཐབ་ཕྱོགས་དང་པོའི་ལས་བཟོ་པ་དང་ཞིང་འབྲོག་པ་མི་141ཡོད་པ་དེས་70.5%ཟིན་ཡོད་པ་དང་ཆེད་ལས་ལག་རྩལ་མི་སྣ་34ཡོད་པ་དེས་17%ཟིན་ཡོད། ཁེ་ལས་ཀྱི་འགན་འཁུར་བ་མི་5ཡོད་པ་དེས་2.5%ཟིན་ཡོད། ཏང་སྲིད་ལས་ཁུངས་དང་ལས་དོན་སྡེ་ཚན་གྱི་ལས་བྱེད་པ་49དེས་24.5%ཟིན་ཡོད་པས་དེའི་ནང་བུད་མེད་མི་61དེས་30.5%ཟིན་ཡོད། གཟེངས་བསྟོད་ཐོབ་མཁན་གྱི་མི་གྲངས་དེའི་ནང་ངེར་པར་དུ་འཐབ་ཕྱོགས་དང་པོའི་ལས་བཟོ་པ་དང་ཞིང་འབྲོག་པའི་གྲངས་འབོར་དེ་སྤྱི་གྲངས་ཀྱི་60%ཟིན་དགོས་པ་དང་། ཆེད་ལས་ལག་རྩལ་མི་སྣ་10%ལས་ཉུང་དུ་བཏང་མི་ཆོག་པ་དང་བུད་མེད་མི་གྲངས་20%ལས་ཉུང་དུ་བཏང་མི་ཆོག ཁེ་ལས་འགན་ཁུར་པ་5% ལས་བརྒལ་མི་ཆོག ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། ལས་དོན་སྡེ་ཚན་ལས་བྱེད་པ་25%ལས་བརྒལ་མི་ཆོག ཀྲུང་གུང་ཏང་ཡོན་166ཡོད་པ་དེས་83%ཟིན་པ་དང་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་83ཡོད་པ་དེས་41.5%ཟིན་ཡོད་པ་དེས་སྐབས་གོང་མ་ལས་སོ་སོར་བརྒྱ་ཆའི་གྲངས་2.7དང་བརྒྱ་ཆའི་གྲངས་2.1མཐོ་རུ་ཕྱིན་ཡོད། འོས་སྦྱོར་བྱ་ཡུལ་དུ་རྫོང་རིམ་པ་ཡན་གྱི་ཏང་གི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་དང་དེ་བཞིན་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འཐུས་མི་39ཡོད་པ་དེས་19.5%ཟིན་ཡོད་པ་དེ་དག་གིས་ལས་རིགས་ཁག་སོ་སོའི་ཁོངས་སུ་ཁྱབ་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明