西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། ང་ཚོ་ནི་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མཁན་གྱི་བྱ་སྤྱོད་སྤེལ་མཁན་དེ་ཡིན། རྒན་རྒོན་ལ་ལྟ་རྟོག་བྱེད་པ།

放大 缩小 默认

ང་ཚོ་ནི་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མཁན་གྱི་བྱ་སྤྱོད་སྤེལ་མཁན་དེ་ཡིན།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གུང་གཞོན་སྡེ་ཚོགས་དོག་སྡེ་ཁྲོམ་གཞུང་ལས་དོན་ཨུ་ལྷན་གྱིས་དོག་སྡེ་ཁྲོམ་གཞུང་གི“ལས་དོན་ཨུ་ལྷན”གྱི་ཁོངས་མིའི་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ལས་ཚན་ཁག་སློབ་གྲྭ་དང་ལག་གདང་སྦྲེལ་ནས“འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

ཉེན་རྟོག་སློབ་གྲྭའི་སློབ་མ་དང་། གུང་གཞོན་སྡེ་ཚོགས་དོག་སྡེ་ཁྲོམ་གཞུང་ལས་དོན་ཨུ་ལྷན་གྱི་ཁོངས་མི། གྲོང་ཚོ་ཁག་གི་སྡེ་ཁུལ་ལས་དོན་པ། རིགས་ཁག་གི་ཆེད་ལས་ལས་བྱེད་པ། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བཅས་གཞོན་ནུ་500ལྷག་ཙམ་མཉམ་དུ་འཛོམས་ནས་གྲོང་གསེབ་མཛེས་བཟོ་བྱེད་པར་ཐུན་མོང་གིས་སོ་སོའི་ལེགས་སྐྱེས་འབུལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་ལུས་ལ་སྟོད་གོས་དམར་པོ་གྱོན་ཞིང་ལག་ཏུ་སྐམ་པ་དང་། ལྕགས་ཀྱོ་ཁེམ་གཟུགས། གད་སྙིགས་ཁུག་མ་སོགས་“ལག་ཆ་”བཟུང་ནས“འཇིགས་སྣང་གང་ཡང་མེད་པ་དང་ལས་ཀ་གང་ཡང་གྲུབ་ཐུབ་པའི”སྙིང་སྟོབས་དར་སྤེལ་བཏང་ནས། ཆུ་བོ་དང་མཚེའུའི་ནང་གི་ཡུར་བུའི་ གཡེང་དངོས་དང་སྡོང་པོའི་ཡལ་ག་དང་། ལོ་མ་རུལ་བ་སོགས་“ས་གདན་རྣམ་པའི”གཙང་སེལ་ཆེན་པོ་བྱས་པ་རེད། དོག་སྡེའི་གྲོང་མིས་དེ་འདྲའི་ངར་ཤུགས་ཆེ་ལ་རྔམ་བརྗིད་ལྡན་པ་མཐོང་ནས་གཅིག་རྗེས་གཉིས་མཐུད་ངང་ལྟད་མོ་བལྟ་བར་ཡོང་། སྐབས་དེར་ལྟད་མོ་བལྟ་མཁན་གྲོང་མི་སྤོ་བོ་དབང་བཀྲ་ལགས་ཀྱི་“ཕྲུ་གུ་ཚོ་དཀའ་ལས་ཁག་སོང་། གྲོང་ཚོའི་ནང་ང་ཚོ་བསྡད་ནས་སྐྱིད་ཁོ་ན་ལོངས་སུ་སྤྱོད་མི་རུང་ལ་བྱས་རྗེས་མི་འཇོག་ན་ག་ལ་ཡོང་། སྤོ་བོ་ངས་རྗེས་སུ་གད་སྙིགས་ག་ས་ག་ལ་གཡུགས་པའི་གོམས་གཤིས་ངན་པ་དེ་བསྒྱུར་ངེས་ཡིན”ཞེས་བཤད།

དང་བླངས་དཔུང་ཁག་གིས་ལས་བགོས་ཁ་གསལ་བ་དང་། གཞོགས་འདེགས་གཅིག་མཐུན། སྤྲོ་སེམས་རབ་ཏུ་འཕེལ་བ། གཟུགས་བརྙན་དམར་པོ་དང་སྔོན་པོ་དེ་ལམ་འགྲམ་གྱི་ཁམ་བུའི་མེ་ཏོག་དང་འདྲ་བར་ལང་ཚོའི་ཁ་དོག་བཞད་ནས་ཆུ་མཛོད་ཀྱི་མཐའ་འཁོར་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཆགས་ཡོད། ་ བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ལས་ཚན་ཁག་སློབ་གྲྭ་རིམ་པ་23པའི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་ཆེད་ལས་ཀྱི་སློབ་མ་ལི་ཁྲེན་མིང་གིས་“རྐང་ཐང་དུ་བསྐྱོད་ནས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་མྱོང་ཚོར་བྱེད་དགོས་ན་མཛེས་སྡུག་ལྡན་པའི་ཁོར་ཡུག་དེར་ཚང་མས་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པ་དང་། ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ངས་མི་དམངས་ལ་སྲུང་སྐྱོབ་བྱ་རྒྱུ་དང་བོད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་མཛེས་སྡུག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན”ཞེས་བཤད།

སྔ་དྲོའི“གད་སྙིགས་གཙང་སེལ་འཁྲུག་ཆེན”བྱས་པ་བརྒྱུད་ནས་དང་བླངས་པ་ཚོར་གྲུབ་འབྲས་གཟེངས་སུ་ཐོན་པ་སྟེ། ཐ་མག་དང་ཤོག་ལྷེབ་ཆུང་ཆུང་། ཡང་ན་ཐུམ་སྒྲིལ་ཁུག་མ་དང་ཤོག་སྒམ་སོགས་གང་ཡིན་རུང་ཁོང་ཚོས“ཁུག་མའི་ནང་དུ་བླུགས་པ”དང་། ཆུ་ངོགས་རྒྱུད་ཀྱི་གད་སྙིགས་གཙང་སེལ་མཐར་ཕྱིན་པ་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་གསར་པ་ཞིག་ཏུ་གྱུར་ཡོད།

ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གཞོན་ནུའི་འགན་འཁྲི་མངོན་པར་བྱ་དགོས།

བྱེད་སྒོའི་མཐའ་མའི་ས་ཚིགས་སུ་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ལས་ཚན་ཁག་སློབ་གྲྭས་དོག་སྡེ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁང་ལ་“གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་མཉམ་དུ་འཛུགས་པ་དང་གྲོང་གསེབ་མཛེས་སྡུག་ལྡན་པའི་རི་མོ་གསར་པ་མཉམ་དུ་འབྲི་བ།”“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རོགས་རམ་བྱེད་པའི་ཉེན་རྟོག་པ་དང་དམངས་ཡོངས་ཁྱིམ་ཚང་གཅིག་ཡིན།”ཞེས་པའི་དར་ཆ་ཕུལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཆུ་ལམ་དང་མཐའ་འཁོར་གྱི་འགྲོ་ལམ་སྤྱི་ལེ་15གཙང་སེལ་བྱས་ཡོད། འབྱུང་འགྱུར་གུང་གཞོན་སྡེ་ཚོགས་དོག་སྡེ་ཁྲོམ་གཞུང་ལས་དོན་ཨུ་ལྷན་གྱིས་སྡེ་ཚོགས་གཞོན་ནུའི་ཁོངས་མི་རྣམས་སྣེ་ཁྲིད་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ནས་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐུལ་སློང་བྱ་རྒྱུ་རེད། དེ་ལས་ཁོང་ཚོར་མདུན་སྐྱོད་དང་། གསར་གཏོད། བྱ་སྤྱོད་སྤེལ་མཁན། ལེགས་སྐྱེས་འབུལ་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རང་འགུལ་ངང་འབྲེལ་མཐུད་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ཕྱོགས་ཁག་གང་མང་དང་མཉམ་ལས་བྱས་ནས་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གྱི་འཛུགས་སྐྲུན་ཐོག་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ལང་ཚོའི་བློ་གྲོས་དང་གཞོན་ནུའི་སྟོབས་ཤུགས་མཉམ་གཏོད་ཐོག་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明