西藏青年报藏文版གལ་ཆེའི་གསར་འགྱུར། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་མེ་ཏོག་ཏུ་སྤེལ་བ། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ། དཔེ་ཀློག་བྱེད་སྒོ་སྣ་ཚོགས་སྤེལ་བ།

放大 缩小 默认

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

ཉེ་ཆར་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། ལྗོངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བསྒྱུར་བཅོས་གཏིང་ཟབ་དང་གུང་གཞོན་སྡེ་ཚོགས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། ད་ཐེངས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧའོ་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པར་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད། དུས་རབས་གསར་པར་གཞོན་ནུའི་ལས་དོན་ལ་འཕྲད་པའི་ལས་འགན་གསར་པ་དག་ལས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་བར་སྟོང་ཆེན་པོ་འདོན་སྤྲོད་དང་གོ་སྐབས་གལ་ཆེན་སྤྲད་ཡོད་པས། ལྗོངས་ཡོངས་ཀྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རིམ་ཁག་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགན་འཁྲི་དང་ལས་འགན་གྱི་བསམ་པ་ཟབ་ཏུ་བཏང་ནས། གཞོན་ནུའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་གཞོན་ནུ་རྣམས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་གསར་པར་མདུན་སྐྱོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས།

ཚོགས་འདུའི་ཐོག་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་རྩ་བའི་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་བརྗོད་བྱ་ཨང་དང་པོ་ནི་རྒྱ་ཆེའི་གཞོན་ནུ་ཚོས“གཏན་འཁེལ་གཉིས”ཀྱི་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན་ཁས་ལེན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་ཁས་ལེན། བརྩེ་དུང་གི་ངོས་འཛིན་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱ་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་དང་ཁྱབ་ཁོངས་ཁག་གི་གཞོན་ནུའི་ཚོགས་སྤྱིར་མཐུན་སྒྲིལ་སྐུལ་ཁྲིད་བྱས་ཏེ། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱས་རྗེས་འཇོག་ཚད་མཐོར་གཏོང་དང་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་དམ་འཛིན་བརྟན་པོའི་ངང་“དོན་ཆེན་བཞི”དང་“གསར་གཏོད་བཞི”ལ་ཤུགས་སྒྲིལ་བྱས་ཏེ་གཞོན་ནུའི་ལས་ཞུགས་དང་། སློབ་གསོ། གཉེན་སྒྲིག་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྐུལ་སློང་གི་དགེ་མཚན་དང་། ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་དགེ་མཚན། རྒྱ་ཁྱབ་ཆེ་བའི་འབྲེལ་གཏུག་གི་དགེ་མཚན་བཅས་འདོན་སྤེལ་བྱས་ཏེ་གཞོན་ནུའི་དཀའ་ངལ་ཐག་གཅོད་བྱས་ནས་གཞོན་ནུའི་ཚོགས་སྤྱི་དང་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་དགོས།

ཚོགས་འདུ་འཚོགས་རིང་“སྟོབས་ལྡན་གྱི་རྒྱལ་ཁབ•ལང་ཚོ་ཡི་གཏམ་བཤད”གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཆད་ཁྲིད་ཁང་ཆེན་པོ་གཉེར་བ་དང་། ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུད་སྐབས་དགུ་པའི་ཐ་ཡེ་མེ་ཏོག་མཛེས་རིག་གསོ་སྐྱོང་ལྟེ་གནས་ཀྱི་སློབ་སྤྱི་བློ་བཟང་སྒྲོལ་མས“ལང་ཚོའི་ཕུགས་འདུན་དོན་གཉེར་ལམ་བུ”བརྗོད་དོན་གཙོ་བོར་བྱས་ནས་ལས་གཏོད་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་གཞོན་ནུ་མཉམ་འབྲེལ་རྩ་འཛུགས་ཁྲུའུ་དང་ལྗོངས་གཞོན་ནུ་མཉམ་འབྲེལ་དྲུང་ཡིག་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོས་གཞོན་ནུ་མཉམ་འབྲེལ་བསྒྱུར་བཅོས་ཀྱི་ཆེད་དོན་ཟུར་ཁྲིད་གནང་བ་རེད།

ད་ཐེངས་ཀྱི་ཚོགས་འདུ་དེ་ཚོགས་ར་དངོས་དང་དྲ་ཐོག་གི་རྣམ་པའི་ཐོག་ནས་འཚོགས་པ་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་སྒྲོལ་དཀར་དང་བསོད་ནམས་ཕུན་ཚོགས། དགེ་ལེགས་པ་སངས། ཀྲན་ཧྲེན། ཀྲང་ཅན་ཧྲེན། ཉི་མ་དོན་གྲུབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་གྲོང་ཁྱེར(ས་ཁུལ)7གྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་རེས་གནང་བ་རེད། གྲོང་ཁྱེར(ས་ཁུལ)7གྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དྲུང་ཆེ། ལས་རིགས་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་དྲུང་ཆེ་བཅས་མི་40ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

གསར་འགོད་པ། གཡང་འཛོམས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明