西藏青年报藏文版ཕྱོགས་བསྡུས། དུག་འཐེན་མཁན་15རྩད་ཆོད་པ་དང་དུག་འབྲེལ་དྲ་ཐོག་བྲོས་འདེད་མི་1བཟུང་བ། སློབ་གྲྭའི་བདེ་འཇགས་སྲུང་བའི་ཆེད་དོན་ལས་དོན་རྒྱུན་མཐུད་སྤེལ་བ། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་ཧུར་ཐག་སྤེལ་བ། དཔོན་དམག་ཚོས་ཁྲག་སྦྱིན་ཕུལ་ནས་ གཅེས་སེམས་བརྒྱུད་སྤེལ་བྱས་པ།

放大 缩小 默认

བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས།

སློབ་གྲྭའི་བདེ་འཇགས་སྲུང་བའི་ཆེད་དོན་ལས་དོན་རྒྱུན་མཐུད་སྤེལ་བ།

ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“སློབ་གྲྭའི་བདེ་འཇགས་སྲུང་བའི”ཆེད་དོན་ལས་དོན་མུ་མཐུད་སྤེལ་ནས། སློབ་གྲྭའི་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད།

སློབ་གྲྭར་ཡོད་པའི་སློབ་མའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་དད་མོས་བརྟན་པོ་འཛུགས་པ་དང་། བདེ་འཇགས་སྔོན་འགོག་གི་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་གཏོང་ཆེད། འདི་ལོའི་དཔྱིད་ཀའི་སློབ་དུས་འགོ་ཚུགས་པ་ནས་བཟུང་། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་ལས་སྒོའི་འཇོན་ཐང་ཆེ་བ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕུལ་བྱུང་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་34བདམས་ནས་ཏང་ཡོན་གདོང་ལེན་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། བརྙས་བཅོས་ལ་ངོ་རྒོལ་དང་། ཁ་བསླུས་སྔོན་འགོག འགྲིམ་འགྲུལ་གནོད་འཚེ་སྔོན་འགོག་སོགས་ཀྱི་ནང་དོན་བརྗོད་དོན་གཙོ་བོར་བྱས་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཐེངས་40ལྷག་ཙམ་སྤེལ་ནས། དུས་བདེ་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་ཡོད།

སློབ་གྲྭ་ཚུགས་པ་དང་གྲོལ་བའི་སྐབས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་མངགས་གཏོང་ཁང་ཁག་གི་ཉེན་དོན་ས་ཚིགས་ཀྱི་ཉེན་རྟོག་པ་360ལྷག་ཙམ་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་སྲུང་ལས་གནས་46ཏུ་བསྐྱོད་དེ་རྒྱ་ཆེའི་དགེ་སློབ་ཚོའི་སློབ་གྲྭར་འགྲོ་བའི་ལམ་བར་གྱི་བདེ་འཇགས་སྲུང་རོགས་བྱས་ཡོད།

རིག་རྡོར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明