西藏青年报藏文版གལ་ཆེའི་གསར་འགྱུར། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ། ལོ་རྒྱུས་ཀྱི་རྗེས་ཤུལ་འདེད་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ།

放大 缩小 默认

ལོ་རྒྱུས་ཀྱི་རྗེས་ཤུལ་འདེད་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ།

ཟླ་2ཚེས་22ཉིན་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་ཆབ་མདོ་གྲོང་ཁྱེར་འགུ་རོ་གྲོང་རྡལ་གྱི་ཕན་བདེ་ཁང་གཉིས་པའི་གཞོན་ནུ་ལོ་ཆུང་65ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་དུ་འཁྲིད་དེ། “ལོ་རྒྱུས་ཀྱི་རྗེས་ཤུལ་འདེད་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ལྟ་སྐོར་བྱེད་སྒོ་སྤེལ་བ་རེད། གཞོན་ནུ་ལོ་ཆུང་ཚོས་གཙང་གསུམ་གྱི་ཤེས་དཔལ་དང་ཆབ་མདོར་བཅིངས་འགྲོལ་དང་ཞི་བའི་འཕེལ་རྒྱས་སོགས་ཀྱི་ནང་དོན་དང་དེ་བཞིན་སྣ་མང་ཕུན་སུམ་ཚོགས་པའི་རིག་དངོས་དང་། བརྙན་ཐུང་། པར་རིས་བཅས་ཀྱི་ཡིག་ཆར་ལྟ་སྐོར་བྱས་ནས་ཆབ་མདོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་ལོན་པར་བྱས་ཤིང་། འདི་ནི་ཕན་བདེ་ཁང་གི་གཞོན་ནུ་ལོ་ཆུང་ཚོས་ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明