西藏青年报藏文版ཕྱོགས་བསྡུས། མོན་པ་རིགས་ཕོ་གཞོན་ཞིག་གི་ལོ་གསར་པའི་རེ་འདུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

放大 缩小 默认

མོན་པ་རིགས་ཕོ་གཞོན་ཞིག་གི་ལོ་གསར་པའི་རེ་འདུན།

ལོ་གསར་ཚེས་གསུམ་གྱི་ཞོགས་པ་སྔ་པོར་ཚེ་དབང་རྒྱ་མཚོས་རང་ཁྱིམ་གྱི་ཟ་ཁང་དུ་གཙང་སྦྲ་བྱེད་པ་དང་། ཐབ་ཆས་ཕྱིས་པ། རྒྱུ་ཆ་གྲ་སྒྲིག་བཅས་བྱས་ནས་ཟ་ཁང་གི་སྒོ་ཕྱེ་རྩིས་འདུག “ལོ་འགར་ངས་རྫོང་གྲོང་དུ་ཟ་ཁང་བཙུགས་པ་ཡིན། དེ་གར་མི་མང་བས་ཚོང་ཡག་པོ་ཡོང་བའི་རེ་བ་ཡོད”ཅེས་ཚེ་དབང་རྒྱ་མཚོས་དཔྲལ་བའི་རྔུལ་ཆུ་ཕྱིས་བཞིན་དགའ་སྤྲོའི་ངང་བཤད།

ལུས་པོ་ཅུང་རིད་ཅིང་ཤ་རྩི་ནག་པའི་མོན་པ་རིགས་ཀྱི་ཕོ་གཞོན་དེ་ད་ལོ་ལོ་30ལ་སླེབས་ཀྱི་ཡོད་པ་དང་། 2018ལོར་སློབ་ཆེན་ཐོན་རྗེས་ཕ་ཡུལ་མེ་ཏོག་རྫོང་དུ་ལོག

“ཕ་ཡུལ་དུ་སླེབས་རྗེས་ངས་བྱ་གསོ་ར་བ་དང་བ་དམ་སྣུམ་ལས་སྣོན་བཟོ་གྲྭ་བཙུགས་པ་ཡིན”ཚེ་དབང་རྒྱ་མཚོས་ཕ་ཡུལ་དུ་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་དུ་འགྲོ་བ་མཐོང་སྐབས་མོན་པ་རིགས་ཀྱི་ཁྱད་ལྡན་ཟ་ཁང་ཞིག་བཙུགས་ཏེ་རྡོ་ཁོག་བྱ་ཤ་སོགས་ཀྱི་ཁྱད་ལྡན་ཞིམ་ཟས་བཟོས་ན་ཡུལ་སྐོར་བའི་ཡིད་དབང་འགུག་ཐུབ་པའི་བསམ་བློ་འཁོར་བྱུང་ཞེས་བཤད། ཁོང་གིས་ཁ་བཤད་ལག་ལེན་དུ་འཁྱོལ་བར་བྱས་ཏེ་ཁྲོམ་རར་རྟོག་ཞིབ་དང་། ཚལ་ཐོར་ཞིབ་འཇུག ཁ་ལག་བཟོ་སྟངས་སྦྱོང་བ་བཅས་ནས་འགོ་བརྩམས། 2023ལོའི་ལོ་འགོར་ཕ་ཡུལ་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་ཚེ་དབང་རྒྱ་མཚོའི་ཟ་ཁང་ཆུང་ཆུང་དེ་སྒོ་ཕྱེ་ཡོད།

དང་ཐོག་ངས་ཨ་མའི་ས་ནས་རྡོ་ཁོག་བྱ་ཤ་བཟོ་སྟངས་སྦྱངས་པ་ཡིན། དེ་རྗེས་ང་ཚོའི་ལུང་པའི་མ་བྱན་ཆེ་མོ་བའི་ས་ནས་ཁ་ལག་བཟོ་རྩལ་སྦྱངས་པས་ཁ་ལག་བཟོ་རྩལ་ལེགས་སུ་ཕྱིན་སོང་། ངས་བཟོས་པའི་ཁ་ལག་ཟ་མྱོང་མཁན་ཚོས་ཁ་ལག་ཞིམ་པོ་འདུག་ཅེས་ང་ལ་བསྔགས་བརྗོད་བྱེད་ཀྱི་འདུག

ཚེ་དབང་རྒྱ་མཚོའི་ཟ་ཁང་སྒོ་ཕྱེ་མ་ཐག་ཚོང་ཡག་པོ་བྱུང་བས་ཟ་ཁང་གི་སྐད་གྲགས་ཀྱང་ཉིན་རེ་བཞིན་ཆེ་རུ་ཕྱིན། ཚེ་དབང་རྒྱ་མཚོས་གསར་འགོད་པར་ན་ནིང་གི་ཡོང་འབབ་སྐོར་གླེང་སྐབས། ཟ་ཁང་གཉེར་བ་ཕུད་ངས་ད་དུང་མེ་ཏོག་རྫོང་གི་ཁྱད་ལྡན་ཐོན་རྫས་ཁ་ཤས་བཙོངས་པར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་བྱུང་ཞེས་བཤད།

ལོ་གསར་པའི་འཆར་གཞིའི་སྐོར་གླེང་སྐབས་ཚེ་དབང་རྒྱ་མཚོས“གྲུབ་འབྲས་དེ་དག་ཐོབ་དོན་ནི་ལོ་འདི་དག་ནང་ཕ་ཡུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ལམ་ཤར་གཏོང་ཐུབ་པ་དང་། ལས་རིགས་དར་བ། འཚོ་བ་ལེཌ་སུ་ཕྱིན་པ་བཅས་བྱུང་བས་ང་ལ་ཡང་བཟང་པོའི་ཞོར་གྱི་ཇ་ཆང་ལྟར་བྱུང་སོང་། ལྷན་རྒྱས་མེ་ཏོག་རྫོང་གི་མཛེས་པའི་ཡུལ་ཀླུང་དང་དམངས་སྲོལ་བཟང་པོ་ཉམས་སུ་མྱོང་བར་ཕེབས་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

རྡོ་ཁོག་བྱ་ཤའི་དྲི་ཞིམ་ཕྱོགས་བཞི་མཚམས་བརྒྱད་ལ་འཐུལ་བས་ཟ་ཁང་དུ་མགྲོན་པོ་མང་པོ་སླེབས་ནས་ཚེ་དབང་རྒྱ་མཚོ་ཁོང་ཚོར་སྣེ་ལེན་ཞུ་བར་ཕྱིན་སོང་།

ཤིན་ཧྭ་གསར་འགྱུར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明