西藏青年报藏文版གལ་ཆེའི་གསར་འགྱུར། གངས་ལྗོངས་ས་མཐོར་གཏམ་བཟང་མང་། གྲོང་གསེབ་དར་རྒྱས་འགྲོ་བའི་སྒང་། སློབ་སྦྱོང་བྱེད་པར་མི་གཅིག་ཀྱང་མ་ལུས་པར་བྱས་པ། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པར་འཚམས་འདྲི་གནང་བ། དབྱངས་ཅན་ལྷ་མོར་གསེར་གྱི་རྟགས་མ་རག་པ།

放大 缩小 默认

ལྷོ་ཁ་འཕྱོངས་རྒྱས་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ་བཏང་བ།

སློབ་སྦྱོང་བྱེད་པར་མི་གཅིག་ཀྱང་མ་ལུས་པར་བྱས་པ།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་རིགས་དབྱེ་མཛུབ་ཁྲིད་དང་སྐུལ་འདེད་གནད་སྨིན་གཏོང་བ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་རྒན་རྒོན་དང་། ཡིག་རྨོངས་ཏང་ཡོན། དེ་བཞིན་ཕྱོགས་མིའི་ཏང་ཡོན་སོགས་ཚོགས་སྤྱིར་འོས་ཤིང་འཚམ་པའི་སློབ་སྦྱོང་བྱེད་སྟངས་ཁྱབ་གདལ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱབ་ཁྱོན་དེ་བས་ཆ་ཚང་བ་དང་ནུས་ལྡན་ཡོང་བར་བྱས་པ་རེད།

འཕྱོངས་རྒྱས་རྫོང་གི་ཤང(གྲོང་རྡལ)ཁག་གིས་ཏང་ཡོན་རྒན་རྒོན་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་ཏང་ཡོན་ལ་རྩིས་ཐོ་བཟོས་ཏེ་སྒོ་རྩར་སློབ་ཁྲིད་དང་སློབ་སྦྱོང་བྱེད་སྟངས་བསླབས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་མི་གཅིག་ཀྱང་མ་ལུས་པ་དང་སློབ་ཚན་གཅིག་ཀྱང་འཐུས་ཤོར་མ་འགྲོ་བ་བྱས་ཡོད། འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱིས་བུད་མེད་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་སྒོ་རྩར་སློབ་ཁྲིད་བྱེད་པར་བཏང་ཞིང་། དང་བླངས་པའི་ཞབས་འདེགས་དང“གཅིག་གཏད་གཅིག”གི་སློབ་རོགས་བྱས་པ་བརྒྱུད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཏང་ཡོན་རྒན་རྒོན་གྱི་ཁྱིམ་དུ་ཁྱབ་པ་དང་ཡང་སྒོས་སུ་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཏན་ཏིག་ཚོར་བ་རེད།

འཕྱོངས་རྒྱས་རྫོང་གིས་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཡིག་རྨོངས་དང་རིག་གནས་ཆུ་ཚད་ཅུང་དམའ་བའི་ཏང་ཡོན་ལ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་དམ་འཛིན་ནན་པོ་བྱས་ཤིང་། ཤ་གསོས་ཤང་གིས་ཏང་ཡོན་གྱི་སློབ་གསོའི་རྟེན་གཞི་དང་། ཞིང་པའི་དཔེ་དེབ་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་ཀྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཏེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ནས་ཡིག་རྨོངས་ཏང་ཡོན་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ཤེས་བྱ་གཅིག་སྡུད་འགྲེལ་བཤད་བརྒྱབ་པ་དང་། ཡང་སྒོས་སུ་ཁོང་ཚོར་ཞིང་ལས་དངུལ་ཁང་གི་APPནས་ཏང་དངུལ་སྐྱེལ་སྟངས་བསླབས་ནས་ཡིག་རྨོངས་ཏང་ཡོན་ཚོར་རིགས་པའི་གཞུང་ལུགས་སྦྱོང་རྒྱུ་ཡོད་ལ་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བར་ཞུགས་རྒྱུ་ཡོད་པར་བྱས་པ་རེད།

འཕྱོངས་རྒྱས་རྫོང་གིས“དྲ་ཐོག་+དྲ་ཕྱིའི”བྱེད་སྟངས་སྤྱད་དེ་རྫོང་ཡོངས་ཀྱི་སྐོར་སྐྱོད་ཏང་ཡོན་32ཚང་མ་བརྗོད་དོན་གཙོ་བོའི་སློབ་གསོར་ཞུགས་ཐུབ་པར་བྱས་ཤིང་། རྒྱལ་སྨན་ཤང་གིས་གྲོང་ཚོ་ཁག་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་བླངས་པའི་དཔུང་ཁག་སྐུལ་སློང་བྱས་ཏེ་དུད་ཚང་དུ་འཚམས་འདྲིར་བཏང་བ་དང་སྒོ་རྩར་སྒྲོག་འགྲེལ་བྱེད་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་ནས། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཕྱོགས་མིའི་ཏང་ཡོན་གྱི་བསམ་བློའི་གནས་སྟངས་དང་དེ་བཞིན་སྒྲོག་འགྲེལ་བྱེད་སྒོ་མཇུག་འགྲིལ་རྗེས་ཀྱི་ཁོང་ཚོའི་བསམ་ཚུལ་དང་བསམ་འཆར་ཤེས་རྟོགས་བྱས་པ་མ་ཟད། དམིགས་ས་ཡོད་པའི་སྒོ་ནས་ཐེངས་རྗེས་མའི་སྒྲོག་འགྲེལ་གྱི་ནང་དོན་གྲ་སྒྲིག་གནད་འཁེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་སྦྱོང་གི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།

སྐལ་མཆོག་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明