西藏青年报藏文版གལ་ཆེའི་གསར་འགྱུར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་ནན་པོས་དོན་འཁྱོལ་དམ་འཛིན་བྱེད། ལོ་གསར་མཁོ་ཆས་ཁྲོམ་ར་འཁྲུག་ཆ་དོད་པ།

放大 缩小 默认

གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་ནན་པོས་དོན་འཁྱོལ་དམ་འཛིན་བྱེད།

ཟླ་1ཚེས་16ཉིན་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་བྱེད་རྒྱུའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ལྷ་སར་སྐོང་ཚོགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ཏང་ཙུའུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ཞིབ་བཤེར་གཏིང་ཟབ་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

གནད་དོན་གྱི་རང་བཤེར་གནད་འཁེལ་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཐིང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་རང་བཤེར་བྱེད་པ། སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་བཤེར་གཏིང་ཟབ་བྱེད་པ། སྤྱིར་བཏང་ལས་བྱེད་པས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་རང་བཤེར་ཧུར་ཐག་བྱེད་པ། ཐིང་གི་འགོ་ཁྲིད་ཀྱིས་འགན་འཁུར་ནས་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་དོ་དམ་སྡེ་ཚན་གྱི་གནད་དོན་ཞིབ་བཤེར་དང་རྩིས་ཐོ་བཟོ་བ། སྡེ་ཚན་ཁག་གི་འགན་འཁུར་བས་ནང་ཁུལ་དུ་ཞིབ་བཤེར་གཏན་འབེབ་མི་སྣ་བཟོ་བ་དང་སྤྱིར་བཏང་ལས་བྱེད་པའི་རང་བཤེར་གསལ་ཐོ་ཞིབ་དཔྱད་བྱེད་པ། ཀྲི་པུའུ་ཧྲུའུ་ཅིས་ཏང་ཤོག་ཚོགས་ཆུང་གི་རང་བཤེར་གསལ་ཐོ་ཞིབ་བཤེར་བྱེད་པ་སོགས་ཀྱི་ལས་ཀའི་འགན་འཁྲིའི་འབྲེལ་ཐག་ནན་དུ་ཏན་ཏིག་ངང་རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པའི་འགན་འཁྲི་གཏོད་ཡོད།

དག་ཐེར་ཡོ་བསྲང་དང་ལྟ་སྐུལ་གྱི་གཟབ་ནན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་དང་ལྟེ་བའི་ལས་དོན་ལ་དམིགས་ནས་དོན་ཆེན་ལ་ལྟ་སྐུལ་དང་དམངས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ཏེ། དཀའ་གནད་ལ་ལྟ་སྐུལ་དང་མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་ཏེ་དོན་དངོས་ལ་ལྟ་སྐུལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ལས་བྱེད་ལས་བཟོའི་ལས་ཀའི་གྲུབ་འབྲས་དངོས་ཀྱི་རེའུ་མིག་དང་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་སོགས་ཀྱི་ལམ་ལུགས་བཟོས་ནས་ལག་ལེན་བསྟར་ཏེ། རྣམ་གྲངས་ཅན་གྱི་དོ་དམ་དང་འབྲེལ་ཐག་རྣམ་པའི་ལྟ་སྐུལ་བྱེད་སྟངས་ཆགས་པ་བྱས་ནས་ཆེད་དོན་ཚོགས་འདུའི་ལམ་ལུགས་དང་ཟླ་ཕྱེད་ཀྱི་གནས་ཚུལ་བཀོད་གཏོང་ལམ་ལུགས། “ཕྱིར་མིག་ལྟ་བའི་”ལམ་ལུགས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་དོན་འཁྱོལ་བྱས་ཚུལ་ལ་དུས་བཀག་ལྟར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། དུས་བཀག་ལྟར་བརྡ་ཁྱབ་ལེགས་བཅོས་དང་དུས་བཀག་ལྟར་ཕྱོགས་བསྡོམས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

ལམ་ལུགས་འཛུགས་སྐྱོང་གི་ཕུགས་ཕན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྐྲུན་བཞིན་པའི་ལམ་སྲོལ་དང་ཕུགས་ལ་ཕན་པའི་འབད་བརྩོན་ཤུགས་ཆེན་བྱས་ཏེ། དུས་ཐོག་ཏུ་སྤྱོད་གོ་ཆོད་ཅིང་ཕན་ནུས་ལྡན་པའི་བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་རྣམས་ལམ་ལུགས་དང་བྱ་ཐབས་སུ་འགྱུར་བ་བྱས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས། ལས་ཀའི་ཇུས་གཞི་དོན་འཁྱོལ་ལ་དམ་འཛིན་དང་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་ལས་ཀའི་སྒྲིག་སྲོལ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གྱིས་དངོས་སྒྲུབ་གོང་དུ་བཀུར་བ་དང་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་བའི་རྣམ་པ་ཧུར་ཐག་བཏོད་དེ། བྱ་བ་སྒྲུབ་ཀྱང་མཚན་མོ་མི་འགོར་བ་དང་གྱོད་གཞི་སྒྲུབ་ཀྱང་རྒྱུགས་ཤོག་མེད་པའི་སྤྱོད་ཚུལ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

གསར་འགོད་པ། གཡང་འཛོམས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明