དགུན་ཁའི་གུང་གསེང་བདེ་འཇགས་ངང་རོལ་ནས། སློབ་མའི་དགུང་གསེང་རིང་གི་ཁྲིམས་སྐྱོང་དང་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་དུས་མེ་ཏོག་རྫོང་གི་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་། མེ་ཏོག་མཐའ་མཚམས་མངགས་གཏོང་ཁང་། མེ་ཏོག་ཁྲིམས་འཛིན་ཁང་བཅས་ཀྱིས་སློབ་གྲྭར་དགུང་གསེང་གི་མཛད་སྒོ་འཚོགས་ནས། མེ་ཏོག་རྫོང་གི་སློབ་འབྲིང་དུ་ཁྲིམས་སྐྱོང་སློབ་གྲྭ་དང་བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི་སློབ་གྲྭའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་ཚོགས་ཆུང་གིས་རང་ངོས་ཀྱི་ལས་ཀའི་འགན་ནུས་དང་ཟུང་འབྲེལ་བྱས་ནས“སློབ་གསོ+དྲིལ་བསྒྲགས”བརྒྱུད། གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་གཞོན་ནུ་ལོ་ཆུང་དང་འབྲེལ་བ་དམ་ཟབ་ཡོད་པའི《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དང་། 《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་གིས་རང་ཉིད་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་བཟོས་པའི་ཉེན་ཁ་ཚབས་ཆེན་འགྲེལ་བཤད་ནན་ཏན་རྒྱག་པ། རྒྱ་ཆེའི་སློབ་མ་ཚོར་ཁྲིམས་ཤེས་པ་དང་། ཁྲིམས་རྟོགས་པ། ཁྲིམས་སྲུང་བ་བཅས་ཀྱི་སློབ་གསོ་བརྒྱབ་ནས། ཚུལ་མིན་གྱི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དུ་བཅུག་ཡོད།
འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོས་རྒྱ་ཆེའི་སློབ་མའི་བདེ་འཇགས་ཉེན་ཟོན་གྱི་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ནུས་ལྡན་ངང་ཟབ་ཏུ་བཏང་བ་དང་། སློབ་མའི་རང་རྟོགས་ངང་ཁྲིམས་སྦྱོང་བ་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ། བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་དང་དེ་བཞིན་རང་ཉིད་སྲུང་སྐྱོང་གི་བྱེད་ཐབས་ཤེས་པ་བཅས་བྱས་པ་མ་ཟད། སྤྲོ་སྣང་དང་བདེ་འཇགས་ཀྱི་དགུན་ཁའི་གུང་གསེང་གི་འཚོ་བ་ཞིག་སྐྱེལ་ཆེད་འགན་ལེན་ནུས་ལྡན་བྱས་པ་དང་སྦྲགས། དུས་བདེའི་སློབ་གྲྭ་སྐྲུན་པར་དགེ་མཚན་དང་ནུས་པ་ཡང་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།