西藏青年报藏文版ཕྱོགས་བསྡུས།  སློབ་གྲྭའི་མཐའ་འཁོར་དུ“ཐ་མག་མེད་པའི”ཁོར་ཡུག་གཏོད་རོགས་བྱས་པ། མི་ཚང་མ་ཤེས་དཔལ་འགྲིམ་འགྲུལ་ནང་ཞུགས་པ།  ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2007ལོ།་①

★ཟླ3ཚེས16ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་དབང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཐོབ་ཁྲལ་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ཡོད།

★ཟླ་4ཚེས་14ཉིན། ཀྲུང་གོས་ཕྱོགས་སྟོན་སྲུང་སྐར་བྱང་སྐར་གཉིས་པ་ཐེངས་དང་པོ་བདེ་བླག་ངང་འཕེན་གཏོང་བྱས་ཏེ་རང་ཚུགས་རང་རྟེན་གྱི་སྒོ་ནས་ཕྱོགས་སྟོན་སྲུང་སྐར་མ་ལག་རབས་གཉིས་པ་སྐྲུན་འགོ་ཚུགས་པ་རེད།

★ ཟླ་6ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་ཇུས་གཞི》བཀྲམ་པ་དང་། དེ་ནི་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཆ་ལག་ཚང་བའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཐོག་མ་ཡིན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་ཇུས་གཞི་ཐོག་མའང་རེད།

★ ཟླ་7ཚེས་1ཉིན། ཧུའུ་ཅིན་ཐའོ་ཡིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་10འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་གསུམ་པའི་འགན་བཞེས་མཛད་སྒོར་གསུང་བཤད་གལ་ཆེན་གནང་ནས།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་ནི་ཆ་ལག་ཚང་བའི་ཐ་སྙད་ཅིག་རེད།“རྒྱལ་ཁབ་གཅིག”དང“ལམ་ལུགས་གཉིས”ནི་ཕན་ཚུན་ཡ་བྲལ་མི་རུང་ལ། ཕན་ཚུན་ཁ་གཏད་དུའང་དེ་བས་ལངས་མི་རུང་།“རྒྱལ་ཁབ་གཅིག”ཅེས་པ་ནི་ཁྲིམས་བཞིན་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཀྲུང་དབྱང་གི་དབང་ཆར་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་དབང་བདག་དང་། གཅིག་གྱུར། བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་ལ་ཟེར་བ་དང་།“ལམ་ལུགས་གཉིས”ཞེས་པ་ནི་ཀང་ཤང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཁྲིམས་བཞིན་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱས་ནས་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་བཞིན་སྲིད་དབང་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱེད་པ་ལ་ཟེར་བ་ཡིན་ཞེས་གསུངས།

★ ཟླ་7ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་དང་། དེའི་དམིགས་ཡུལ་ནི་ནད་ཆེན་སྨན་ཡོན་གཅིག་གྱུར་གྲབས་གསོག་བྱས་པའི་གྲོང་ཁྱེར་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་རྒྱུ་དེ་ཡིན་པ་རེད།

★ ཟླ་7ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་། ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་སྟེ་རྒྱལ་ཡོངས་ཀྱི་གྲོང་གསེབ་མི་འབོར་དབུལ་པོའི་ལྟོ་གོས་ཀྱི་གནད་དོན་བརྟན་པོ་དང་། རྒྱུན་སྲིང་། ཕན་ནུས་ལྡན་པ་བཅས་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན་ཡོད།

★ ཟླ་8ཚེས་1ཉིན། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་ཞུ་བ་དང་དམག་ཡོངས་ཀྱིས་དཔའ་བོ་དཔེ་བཟང་བའི་འཐུས་མིའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

★ ཟླ་8ཚེས་30ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་སྡེམ་འགོག་པའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明