2005ལོ། ②
★ཟླ་7ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིན་དེ་ནས་བཟུང་། རང་རྒྱལ་དུ་ཁྲོམ་རའི་མཁོ་སྤྲོད་རྨང་གཞིར་བྱེད་པ་དང་། འཛའ་ཐང་ལ་གཞིགས་ཏེ་ལེགས་སྒྲིག་བྱེད་པ། དོ་དམ་ལྡན་པའི་འཛའ་ཐང་འཕར་ཆག་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
★ཟླ་10པའི་ཚེས་8ནས་11ཉིན་བར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར》གྲོས་འཆམ་བྱུང་བ་རེད།
★ཟླ་12ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད།
★ཟླ་12ཚེས་29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་2006ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དཔྱ་ཁྲལ་སྲོལ་ཡིག》མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་ཤིང་། ཀྲུང་གོར་ལོ་ངོ་ཉིས་སྟོང་ལྷག་ཙམ་རིང་རྒྱུན་མཐུད་པའི་ཞིང་ལས་དཔྱ་ཁྲལ་དེ་དངོས་སུ་ལོ་རྒྱུས་སུ་གྱུར་པ་རེད།
★ཟླ་12ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད།
རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།