西藏青年报藏文版ཕྱོགས་བསྡུས། “གྲགས་སྐར”ལ་དད་མོས་ཆེ་བའི་དུས་རབས་གསར་པའི་ལོ་ཆུང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2004ལོ།

★ ཟླ་1ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གིས《མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྔར་བས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

★ ཟླ་2ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ། ཟླ་8ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོར་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

★ ཟླ་3ཚེས་10ཉིན། ཀྲུང་དབྱང་གི་མི་འབོར་དང་ཐོན་ཁུངས་ཁོར་ཡུག་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གནང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་གཏིང་ཟབ་པའི་ནང་དོན་དང་གཞི་རྩའི་བླང་བྱ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ།

★ ཟླ་4ཚེས་27ཉིན། ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ལག་བསྟར་བྱེད་པའི་ལས་དོན་ཚོགས་འདུའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་སྐབས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་དང་ཏང་གི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་མཛུབ་སྟོན་གནང་ཡོད།

★ ཟླ་7ཚེས་28ཉིན། ཀྲུང་གོའི་བྱང་སྣེ་ཚན་རིག་རྟོག་ཞིབ་ས་ཚིགས་དང་པོ་སྟེ། རྨ་ཆུའི་ས་ཚིགས་ནོར་ཝེ་སི་ཕའེ་ཚི་པེར་ཀན་གླིང་ཚོམ་གྱི་ཨོར་སུང་གསར་པ་བཙུགས་ནས་སྤྱོད་འགོ་ཚུགས་ཡོད། 2013ལོའི་ཟླ་5ཚེས་15ཉིན་ཀྲུང་གོ་འདི་ཉིད་བྱང་སྣེ་ལས་འཛིན་ལྷན་ཚོགས་ཀྱི་ལྟ་ཞིབ་པར་དངོས་སུ་གྱུར་ཡོད།

★ ཟླ་8ཚེས་22ཉིན། ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ། ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གནང་བ།

★ ཟླ་9ཚེས་16ཉིན་ནས་ཚེས་19ཉིན་བར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་དང་། ཅང་ཙེ་མིན་གྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་གནང་བར་མོས་མཐུན་བྱས་པ་དང་ཧུའུ་ཅིན་ཐའོ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བསྐོ་རྒྱུའི་གཏན་འབེབས་བྱས་པ།

★ ཟླ་11ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོངས་སུ“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ལག་ལེན་བསྟར་རྒྱུ་ནང་དོན་གཙོ་བོར་བྱས་པའི་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ། 2005ལོའི་ཟླ་1ནས་2006ལོའི་ཟླ་6པའི་བར། ཏང་ཡོངས་སུ་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

★ ཟླ་12ཚེས་24ཉིན། ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་ཆེད་སྟོབས་ཤུགས་གལ་ཆེན་འདོན་རྒྱུ་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་སྲུང་སྐྱོང་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་འགན་ལེན་བྱེད་དགོས་པ། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་དགོས་པ་བཅས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་མི་དམངས་བཅིངས་འགྲོལ་དམག་གི་ལོ་རྒྱུས་ལས་འགན་བཏོན་གནང་བ་རེད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明