西藏青年报藏文版ཕྱོགས་བསྡུས། སློབ་གྲོགས་ཚོའི་སེམས་ནང་གི་སེམས་རྩ་འཁོལ་བའི་སློབ་མ་བཟང་པོ། 2023ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་ཀྱི་བྱ་ སྤྱོད་སྤེལ་འགོ་ཚུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2002ལོ། ①

★ ཟླ་1ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གསར་འབྱེད་གཞུང་ལས་ཁང་གིས་རྨོ་བསྐྱུར་ནགས་གསོའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་འདས་ཟིན་པའི་ལོ་གཉིས་རིང་གི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་ཐོག་རྨོ་བསྐྱུར་ནགས་གསོའི་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་རེད། ཟླ་12ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྨོ་བསྐྱུར་ནགས་གསོའི་སྲོལ་ཡིག》བཀྲམ་པ་རེད།

★ ཟླ་7ཚེས་4ཉིན། ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་དང་པོའི་ལས་གྲྭའི(ཤིན་ཅང་ལུན་ནན་ནས་ཧྲང་ཧའེ་བར)འགོ་འཛུགས་མཛད་སྒོ་འཚོགས། དེ་རྗེས་སླར་ཡང་ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་གཉིས་པ་དང་གསུམ་པའི་ལས་གྲྭ་འགོ་ཚུགས།

★ ཟླ་9ཚེས་12ཉིན། ཅང་ཙེ་མིན་གྱིས་རྒྱལ་ཡོངས་ཀྱི་ལས་ཞུགས་བསྐྱར་མའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ཞེས་གསུངས། ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་བྲལ་ལས་ཤོར་མི་སྣའི་ལས་ཞུགས་བསྐྱར་མའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཏང་ནས་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་ཀྱི་རྩ་བའི་སྒྲོམ་གཞི་ཞིག་གཏན་འཁེལ་བྱས།

★ ཟླ་10ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད། 2008ལོའི་ཟླ་6པའི་ཟླ་མཇུག་ཏུ་སླེབས་སྐབས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31ལ་ཁྱབ་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明