བློ་གསལ་ཤེས་འདོད་རྐང་དྲུག་གིས།།
རིག་པའི་གེ་སར་བསམ་ནས་ནི།།
ས་ཐག་ལེ་དབར་ཆོད་པའི་སར།།
རིག་པའི་དཔའ་བོ་མཇལ་བར་འོངས།།
མཐོ་ལ་བརྗིད་པའི་ཇོ་རི་ནི།།
སྤྲིན་གྱི་རྒྱ་མཚོར་ཟུག་འདྲ་བ།།
དྲིན་ཆེན་བཤེས་གཉེན་དམ་པ་ཁྱེད།།
མཁྱེན་རྒྱ་དཔའ་ལ་རིག་པ་རྣོ།།
ཤང་ཤང་རྒྱུགས་པའི་སྐྱིད་ཆུ་ནི།།
སྲིད་པར་ཆགས་ཀྱང་ཆད་མི་སྲིད།།
བདག་གི་དམ་པའི་བཤེས་གཉེན་གྱི། །
ཐུགས་རྒྱུད་སྐྱིད་ཆུས་འགྲན་མི་ནུས།།
ཀེ་ལ་ཤ་ཡི་ལྷུན་པོའི་སྤོ། །
དཀར་ཞིང་གཙང་བས་ལྷག་པར་མཛེས།།
བརྩེ་བའི་བདག་ཉིད་སྐྱོ་ངལ་མེད། །
ཐུགས་སེམས་དྭངས་གཙང་ལྷད་མེད་ཡིན།།
སྟོན་ཁ་ལོ་ལེགས་རྒྱས་པའི་དུས།།
གཞོན་སྐྱེས་ཤེས་རིག་སྣ་མང་ཕྱུག །
ཤེས་རིག་དར་བའི་བཀའ་དྲིན་ནི།།
ཀུན་ནོར་བཤེས་གཉེན་ཁྱེད་ལས་སུ།།
མུན་ནག་འཚོ་བར་ལམ་སྟོན་མཁན།།
མུན་སེལ་སྒྲོན་མེ་དྲིན་ཆེ་བྱུང་། །
ལྷག་བསམ་སེམས་དང་བརྩེ་བ་ཡིས། །
བློ་ཡི་རྨོངས་པ་སེལ་བར་བྱེད།།
འགྱུར་བ་མེད་པའི་ཕ་བོང་ནི།།
དུས་ཀྱིས་མནར་ཡང་འགུལ་མི་སྲིད།།
བདག་གི་བརྩེ་བའི་བཤེས་གཉེན་ཁྱེད།།
སྐུ་བརྩེ་བྲག་ལས་བརྟན་པར་ཤོག །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།