西藏青年报藏文版གལ་ཆེའི་གསར་འགྱུར། ཕན་ཚུན་རོགས་རེས་ཀྱིས་ཐུན་མོང་ཐོག་མདུན་སྐྱོད་བྱེད་པ། “སྙེ་མོའི་གྲོག་རོང་ཆེན་མོ•ཐོན་པའི་བོད་སྤོས་འབྱུང་ཁུངས”ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ། སྟོན་བསྡུར་བྲེལ།

放大 缩小 默认

“སྙེ་མོའི་གྲོག་རོང་ཆེན་མོ•ཐོན་པའི་བོད་སྤོས་འབྱུང་ཁུངས”ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།

ཟླ་8ཚེས་26ཉིན། རྒྱུན་འཛིན་དང་། འཕེལ་རྒྱས། མཉམ་སྤྱོད་བཅས་བྱེད་པའི་བརྗོད་དོན་གཙོ་བོའི“སྙེ་མོའི་གྲོག་རོང་ཆེན་མོ•ཐོན་པའི་བོད་སྤོས་འབྱུང་ཁུངས”ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་དེ་བོད་ལྗོངས་སྙེ་མོ་རྫོང་དུ་དངོས་སུ་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཝང་ཞའོ་ཏུང་དང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་བཅས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་དེ་བཞིན་སྐུ་མགྲོན་བརྒྱ་ལྷག་ཙམ་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

སྙེ་མོ་རྫོང་ནི་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དྲི་ཞིམ་སྤོས་ཀྱི་འབྱུང་ཁུངས་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པའི་ཕ་ཡུལ་ཞིག་ཡིན་པ་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཐ་ན་ཕྱི་རྒྱལ་དུའང་སྐད་གྲགས་ཆོད་པ་ཞིག་ཡིན།

ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་སྙེ་མོའི་དྲི་ཞིམ་སྤོས་ཀྱི་ཐོན་ལས་དེ་གསར་སྤེལ་གཏིང་ཟབ་བྱ་ཆེད། ཐན་ཧྥུའུ་ཤང་སྨན་བཅོས་ཞིབ་འཇུག་ཁང་དང་བོད་ལྗོངས་སའི་གོ་ལའི་མཐའ་སྣེ་གསུམ་པའི་ཚོང་གཉེར་ཚད་ཡོད་ཀུང་སིས་སྙེ་མོ་རྫོང་དང་ཐབས་ཇུས་ཀྱི་སྒྲོམ་སྟེགས་རང་བཞིན་གྱི་གྲོས་མཐུན་བཞག་པ་དང་། དུས་མཚུངས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ནུབ་བྱང་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་དང་། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི། པེ་ཅིང་ནུས་རྒྱུའི་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི། པེ་ཅིང་ལུང་དབྱི་ཧུའེ་ཤིན་ཚན་རྩལ་ཚད་ཡོད་ཀུང་སིའི་ཁེ་ལས་བཞིས་ཀྱང་སྙེ་མོ་རྫོང་མི་དམངས་སྲིད་གཞུང་དང་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་གྲོས་མཐུན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་150ལྷག་ཙམ་ཟིན་ཡོད་པ་རེད།

མཛད་སྒོའི་མཇུག་ཏུ་སྙེ་མོའི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཚེ་དབང་རྡོ་རྗེས་ད་ཐེངས་ཀྱི་བྱེད་སྒོ་ནི་སྙེ་མོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ། ཐོན་ལས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། ཁྲོམ་ར། ཚོང་རྟགས་ཆ་འཕྲིན་མཉམ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་སྙེ་མོ་རྫོང་གིས་སྣོད་བཅུད་ཡུལ་སྐོར་ཐོན་ལས་ཞེས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ། མི་རིགས་ལག་ཤེས་བཟོ་ལས་དང་། སྤྲོ་གསེང་ལྟ་སྐོར་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་ལས། རིག་གནས་ཡུལ་སྐོར་ལས་རིགས་སོགས་སྣ་མང་ཅན་གྱི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་བཏོད་ཡོད།

གསར་འགོད་པ། བསྟན་འཛིན་གཡང་ལགས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明