西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སློབ་དཔོན་གྱི་དུས་ཆེན་ལ་བསུ་བ་ཞུ། ༄༅། །ཕུགས་བསམ་གྱི་སྤྲོ་བ། ༄༅། །སློབ་གྲྭ།

放大 缩小 默认

༄༅། །སློབ་གྲྭ།

□ 作者 བློ་བཟང་དར་རྒྱས།

སློབ་གྲྭ་ཞེས་པའི་མིང་ཚིག་དེ་རྣ་བའི་ཡུལ་དུ་གོ་དུས་སློབ་མ་མང་པོ་ཞིག་གིས་དེ་ལ་འཛིན་པའི་བསམ་ཚུལ་འདྲ་གི་མེད། སློབ་སྦྱོང་ཡག་པའི་སློབ་མ་ཞིག་ཡིན་ན་ཡིད་དགའ་བ་དང་། སློབ་སྦྱོང་ཞན་པའི་སློབ་མ་ཞིག་ཡིན་ན་སེམས་སྡུག་བྱེད་འོས་པ་ཞིག་ཀྱང་ཡིན།

སོ་སོ་རང་ངོས་ནས་བརྗོད་ན། སློབ་གྲྭ་ཞེས་པའི་མིང་དེ་རྣ་བར་གོ་དུས་ཡིད་ཧ་ཅང་གིས་སྐྱོ་འོང་བ་ཞིག་ཡིན། ང་རང་སློབ་གྲྭར་འགྲོ་བ་ལས་ལུག་རྫི་དང་ར་རྫི། ནོར་རྫི་སོགས་ལ་འགྲོ་བར་དགའ་སྙམ་གྱི་ཡོད། ཡིན་ཡང་སློབ་གྲྭར་འགྲོ་རྒྱུ་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ཡིན་པ་དང་། གཉིས་ནས་ང་ཚོར་ཟོག་ཀྱང་མེད་པར་ཚང་མ་བཙོངས་ཚར་བས་ཐབས་ཤེས་ཅི་ཡང་མི་འདུག །རྒྱུ་མཚན་གང་ཡིན་མི་ཤེས་མོད། ངས་སློབ་གྲྭའི་འཚོ་བ་ཞེས་པ་དངོས་གནས་རང་དབང་མེད་པ་ཞིག་ཏུ་བསམ་གྱི་འདུག །

ཉིན་གུང་ཁ་ལག་ཟས་ཚར་དུས་ངས་ག་དུས་ཡིན་ཡང་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་སློབ་གྲྭའི་ལུས་རྩལ་ཐང་དུ་སྐྱོ་སངས་སུ་བསྐྱོད་ཀྱི་ཡོད། ཕྱི་ལོག་གི་ཡུལ་ལྗོངས་མཐོང་དུས་རང་ཉིད་ཀྱི་སེམས་པ་ཡོངས་སུ་འཕྲོག་ཏེ་སློབ་གྲྭ་ལས་བྲོས་བྱོལ་འགྲོ་འདོད་ཆེན་པོ་ལངས་ཀྱི་འདུག ། སློབ་སྦྱོང་གི་དཀའ་ངལ་དང་། སྔ་ལངས་ཕྱི་ཉལ་གྱི་དཀའ་ངལ། སྦྱངས་ཚར་བའི་ཤེས་བྱ་དག་ཡིད་ལ་འཛིན་མི་ཐུབ་པའི་སྐྱོ་ངལ། ཕྱི་ལོག་གི་ཟས་ཞིམ་པོ་དང་འཐུང་ཆ་ཞིམ་པོ། ཐ་མག་དང་སྒྲོམ་སྟེགས་སྤོ་ལོར་རོལ་བའི་བདེ་སྐྱིད་བཅས་དྲན་སྐབས་སློབ་གྲྭ་ལས་བྲོལ་བྱོལ་འགྲོ་འདོད་པའི་སེམས་པ་འགོག་མེད་དུ་སྐྱེ་ཡོང་གི་འདུག །

དྲང་པོར་བཤད་ན། ངས་སློབ་གྲྭ་ནས་བྲོས་མ་ཐུབ་པ་མིན། སློབ་གྲྭའི་གྱང་གིས་ངའི་སེམས་པ་ཁོག་པ་ལས་ལུས་པོ་རྩ་བ་ནས་ཁོག་གི་མ་རེད། འོན་ཀྱང་བསམ་བློ་ཞིབ་ཏུ་གཏོང་སྐབས་ངས་རྩ་བ་ནས་བྲོས་མི་སྲིད་པ་འདྲ། གང་ཡིན་ཟེར་ན་ངས་མ་བྲོས་པའི་གོང་ལ་ངའི་སེམས་སུ་ཕ་མ་དང་སྤུན་མཆེད། དགེ་རྒན། ལྷག་པར་དུ་ངས་སྡུག་རུས་བརྒྱབ་པའི་ལོ་གསུམ་གྱི་དཀའ་ངལ་མཐའ་དག་ཉིན་སུམ་ཅུའི་ནང་སྟོང་ཟད་དུ་གྱུར་པ་བཅས་དྲན་པས་ངས་ངེས་པར་སྡུག་རུས་རྒྱག་ངེས་ཡིན།

མཐའ་མའི་ཉིན་སུམ་ཅུ་ལྷག་གི་དམའ་འབྲིང་འཚོ་བའི་ནང་དུ་ངས་གང་ཐུབ་ཅི་ཐུབ་ཀྱིས་ཤུགས་རྒྱག་གི་ཡིན། སོ་སོའི་མི་ཚེའི་དོན་དུ་ཤུགས་རྒྱག་གི་ཡིན། ངས་མི་ཚང་མ་ཧང་སངས་དགོས་པ་ཞིག་བྱེད་འདོད། ང་ནང་ལ་སྡོད་དུས་ཉེ་འབྲེལ་མང་ཆེ་བ་ན་རེ། སྟབས་ལེགས་ན་ཁྱོད་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་ལ་རྒྱུགས་འཕྲོད་ན་མ་གཏོགས་མཐོ་འབྲིང་ཡག་པོ་ཞིག་ལ་རྒྱུགས་འཕྲོད་རྒྱུ་ནི་རྨི་ལམ་རེད”ཅེས་ཟེར་ནའང་། ངས་ཡིད་ཆེས་མི་བྱེད་པར་མཐའ་མའི་དུས་ཚོད་འདི་དག་དམ་འཛིན་ཡག་པོ་བྱས་ཏེ་སློབ་སྦྱོང་བྱེད་ངེས་ཡིན།

སློབ་གྲོགས་ཚོས་ཀྱང་རང་རང་འགྲོ་འདོད་ཡོད་པའི་སློབ་གྲྭ་ཞིག་ལ་རྒྱུགས་འཕྲོད་པའི་སྨོན་འདུན་གཙང་མ་སེམས་ནས་ཞུ་གི་ཡིན། ཤུགས་རྒྱོབ་སློབ་གྲོགས་ཚོ། མཐའ་མའི་རྒྱལ་ཁ་འདི་ང་ཚོས་ངེས་པར་དུ་ལེན་ཐུབ་པ་བྱེད་དགོས། ཤུགས་རྒྱོབ། །

བོད་ལྗོངས་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明