西藏青年报藏文版གལ་ཆེའི་གསར་འགྱུར།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དག་ཐེར་བཅོས་སྒྲིག་ལ་ཚད་གཞི་མཐོ་པོས་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།  དམིགས་བསལ་སློབ་གསོར་བརྟེན་ནས་ཕྲུ་གུ་ཚོའི་སློབ་གྲྭ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱུང་བ།

放大 缩小 默认

དམིགས་བསལ་སློབ་གསོར་བརྟེན་ནས་ཕྲུ་གུ་ཚོའི་སློབ་གྲྭ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱུང་བ།

འདི་ནི་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཚོས་ཚེམ་བུའི་ལག་རྩལ་སྦྱོང་བཞིན་པ།

ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་2000ལོར་བཙུགས་ཤིང་། དེ་ནི་རང་ལྗོངས་ཀྱི་སློབ་མ་ལོང་བ་དང་། འོན་ལྐུགས། རིག་སྐྱོན་ཅན་བཅས་གསོ་སྐྱོང་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་བཙུགས་རྗེས་བོད་དུ་ཆེད་མངགས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་ཆབས་ཅིག བོད་ཀྱི་སློབ་གསོའི་སྟོང་ཆ་ཞིག་ཀྱང་བསྐངས་ནས། རང་ལྗོངས་ཀྱི་བྱིས་པ་ལོང་བ་དང་། འོན་ལྐུགས། རིག་སྐྱོན་ཅན་བཅས་ལ་སློབ་གསོ་མྱོང་བའི་གོ་སྐབས་བསྩལ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭས་ཕྱོགས་ཡོངས་ཡར་རྒྱས་ཀྱི་སློབ་གསོ་ལག་བསྟར་བྱས་ནས་ཁོང་ཚོ་སྤྱི་ཚོགས་དང་འཚམ་པ་དང་། སྤྱི་ཚོགས་ནང་འདྲེས་ཐུབ་པ། སྤྱི་ཚོགས་ནང་ཞུགས་པ་བཅས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明