西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕ་ཡུལ་གྱི་རྣམ་པ། ༄༅། །བདེ་ཐང་གི་རྒྱུན་ཤེས་ཤ་ཚ་མ། ༄༅། །ཉི་མ་ལྟ་བུའི་ཨ་མ།  བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་དགོས།

放大 缩小 默认

༄༅། །ཉི་མ་ལྟ་བུའི་ཨ་མ།

□ 作者 ཀུན་བཟང་བདེ་སྐྱིད།

འཇིག་རྟེན་འདིའི་ཐོག་གི་མི་ཚང་མར་རང་རང་གི་དྲིན་ཆེན་ཕ་མ་རེ་ཡོད། ང་ཚོ་ཆུང་ངུའི་དུས་ནས་ ཕ་མས་རང་ལ་གོས་གོན་རྒྱུ་སློབ་པ་དང་། སློབ་གསོ་རྒྱག་པ། སློབ་གྲྭར་བཏང་བ་སོགས་བྱེད། ད་དུང་ཁོང་རྣམ་གཉིས་ཀྱིས་ང་ཚོ་སློབ་གྲྭ་ལ་བཏང་བ་མ་ཟད་སློབ་གྲྭར་སྡོད་རིང་གི་འགྲོ་སོང་ཡོད་ཚད་ཕང་མེད་དུ་སྟེར་བ་དང་། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སྒོའི་ཕྱི་ནང་གི་ལས་ཀ་ཚང་མ་རང་གི་ཕྲག་ཐོག་ཏུ་ལེན་པར་བྱེད་ དོ། །

གུང་གསེང་བཞག་པའི་ཉིན་ཞིག་ལ། ང་རང་ནང་ལ་སྦྱོང་ཚན་འབྲི་བཞིན་པའི་སྐབས་ངའི་འདུག་རོགས་ཀྱི་བུད་མེད་ཅིག་སྨན་ཁང་ནང་ལ་ཁྲིད་སོང་། བུད་མེད་དེ་མངལ་སྦྲུམ་ཡོད་པས། ང་ཚོ་ཚང་མ་ལྷན་དུ་སྨན་ཁང་དུ་བསྐྱོད་པ་ཡིན།

སྨན་ཁང་དུ་སྐྱོད་པའི་ལམ་བར་དུ་བུད་མེད་དེས་ན་ཟུག་གིས་མ་བཟོད་པར་མྱ་ངན་དང་སྨྲེ་ངག་གི་སྐད་ཚོད་མེད་འདོན་པ་དང་། སྨན་ཁང་དུ་སླེབས་རྗེས་ཀྱང་ན་ཟུག་རྩ་བ་ནས་མ་འཇགས། སྐབས་དེར་ངའི་སེམས་སུ་བློ་མ་བདེ་བར་གདུང་བ་ཆེན་པོ་སྐྱེས་བྱུང་། སྨན་ཁང་དུ་སླེབས་རྗེས་ཆུ་ཚོད་གསུམ་གཡས་གཡོན་འགོར་རྗེས་གཞི་ནས་ཕྲུ་གུ་སྐྱེ་ཐུབ་ཙམ་བྱུང་། ཕྲུ་གུ་བུ་མོ་ཞིག་རེད་འདུག་པས་ཨ་མས་ཀྱང་ཡིད་སྐྱོ་བའི་རྣམ་འགྱུར་ཞིག་སྟོན་ བཞིན་མཆིས། གཅིག་བྱས་ན་ཨ་མས་ཀྱང་བུ་མོ་དེ་སླད་མར་རང་ཉིད་ནང་བཞིན་སྡུག་བསྔལ་མྱོང་དགོས་པར་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་སྲིད། གང་ལྟར་མོ་རང་གི་གདོང་མདོག་ཡོངས་སྐྱ་བོར་གྱུར་ཅིང་དེའི་ཐོག་རྔུལ་ཆུ་འགྲིམས་པའི་རྗེས་ཤུལ་ནག་ཤར་རེར་མཐོང་རྒྱུ་འདུག །སྐབས་དེར་ངའི་སེམས་སུ་དྲིན་ཆེན་ཨ་མས་འདི་ལྟར་སྡུག་བསྔལ་ཚད་མེད་མྱངས་ཏེ་ང་ཚོར་ཚེ་སྲོག་གསར་པ་ཞིག་སྦྱིན་པ་རེད་ཨང་སྙམ་བྱུང་།

ཨ་མ་ནི་ཉི་མ་དང་འདྲ་བར་རང་གི་བརྩེ་བའི་སེམས་དང་ལུས་པོའི་དྲོད་ལ་བརྟེན་ནས་ང་ཚོའི་འཇིག་རྟེན་ལ་དྲོད་སྣང་སྦྱིན། ཨ་མ་ལ་ཉི་མ་ལྟ་བུའི་ཁེབས་རྒྱ་མེད་ཀྱང་བུ་ཕྲུག་གི་སླད་དུ་རང་ལུས་ཕང་མེད་དུ་སྦྱིན་པའི་གཏོང་ཕོད་ཀྱི་སྙིང་སྟོབས་ནི་ཉི་མ་དང་གཉིས་སུ་མ་མཆིས་སོ། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明