西藏青年报藏文版གལ་ཆེའི་གསར་འགྱུར།  ལོ་20ཡི་རིང་རིམ་རྩིས་བྱས་ན་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་11751གིས་བོད་དུ་ཞབས་འདེགས་ཞུས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། མཐུན་སྒྲིལ་ཡར་བརྩོན་ཆེད་དུ་གཞོལ་བ། ཆབ་མདོ་གྲོང་ཁྱེར་གྱིས་སློབ་ཞུགས་རོགས་དངུལ་ཁྲི་158.4སྤྲད་པ།

放大 缩小 默认

ཆབ་མདོ་གྲོང་ཁྱེར་གྱིས་སློབ་ཞུགས་རོགས་དངུལ་ཁྲི་158.4སྤྲད་པ།

དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་1584ལ་རོགས་རམ་བྱས་པ།

2023ལོའི་ཟླ་བཞི་པ་ནས་བཟུང་། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས“ཕུགས་རེའི་འདུ་འགོད་1+1སྟེ། ཧོན་ཧྥང་སློབ་སྐྱོར་འཆར་གཞི”སྒྲིག་འཛུཌ་བྱས་ནས་རྫོང(ཆུས)ཁག་གི་སྡེ་ཚོགས་ཨུ་ལྷན་གྱིས་དུས་ཐོག་ཏུ་དྲིལ་བསྒྲགས་དང་། མཐིལ་རྟོགས། གྲལ་བཤེར། ཡོངས་བསྒྲགས་བཅས་བྱས་པ་དང་ཞིབ་དཔྱད་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་1584ལ་རོགས་སྐྱོར་བྱས་ཤིང་། ཟླ་བདུན་པའི་བར། རྫོང(ཆུས)ཁག་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས“ཕུགས་རེའི་འདུ་འགོད་1+1སྟེ། ཧོན་ཧྥང་སློབ་སྐྱོར་འཆར་གཞིའི”རོགས་དངུལ་སྤྲོད་པའི་ལས་དོན་ཚང་མ་བསྒྲུབས་ཏེ་སློབ་སྐྱོར་རོགས་དངུལ་ཁྱོན་སྒོར་ཁྲི་158.4སྤྲད་པ་རེད།

སློབ་ཞུགས་རོགས་དངུལ་འདུན་ཞུའི་བླང་བྱ་ལྟར། ད་རེས་ཀྱི“ཕུགས་རེའི་འདུ་འགོད་1+1སྟེ། ཧོན་ཧྥང་སློབ་ཞུགས་རོགས་སྐྱོར་འཆར་གཞིའི”རོགས་སྐྱོར་བྱ་ཡུལ་ནི། དེ་སྔའི་ཡིག་ཚཌ་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་ངམ་ཡང་ན་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མཐར་ལུས་ཁྱིམ་ཚང་། བློ་རིག་དང་དབང་པོ་ཉམས་ནས་རང་མགོ་མི་ཐོན་མཁན། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་སོགས་ཀྱི་དམིཌ་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་རང་བྱུང་གནོད་འཚེ་བྱུང་བ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་འཕྲད་པ། ནད་གཞི་ཚབས་ཆེན་ཕོག་པ་སོཌ་ཐོལ་བྱུང་གནས་ཚུལ་གྱིས་རྐྱེན་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པ་བཅས་ཀྱི་སློབ་མ་ཡིན་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明