ཉེ་ཆར། རྣམ་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་རྫོང་ཁྲིམས་འཛིན་ཅུས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་རྒྱག་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》 ཚོང་གཉེར་ཁོར་ཡུག་སྐྲུན་པའི་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྒྱུར་བཅའ་ཁྲིམས། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་ལན་འདེབས་ཀྱི་དོན་དངོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ནང་དོན་ཆེད་དོན་སློབ་ཁྲིད་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་བརྩི་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་སློབ་གཉེར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱིས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ་དང་། རང་རྟོགས་ཀྱིས་ཁྲིམས་སྐྱོང་གི་དད་མོས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་མཐའ་ཚད་བརྟན་པོ་སྲུང་བ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་ལས་ཀའི་ཕན་འབྲས་ལ་ཏན་ཏིག་འགྱུར་བ་བཅས་བྱས་ནས། རྣམ་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བཤད་པ་རེད།
ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།