西藏青年报藏文版གལ་ཆེའི་གསར་འགྱུར། རྨང་གཞི་བརྟན་དུ་བཏང་ནས་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། “གསར་བརྗེའི་ཞིབ་སློབ”ཀྱི་བརྗོད་དོན་གཙོ་བོའི ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

放大 缩小 默认

གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས།

བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ཉེ་ཆར། གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱིས་བདམས་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་50གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་དམག་སྒར་དུ“ལོ་ཆུང་གདོང་ལེན་རུ་མི་ཏང་དར་འོག་ཏུ་འཚར། ཉེན་རྟོག་སྒར་སར་སྐྱོད་ནས་སྦྱོང་བརྡར་བྱེད་པར་རོལ”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་ཞུགས་པ་རེད།

གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་ཉེན་དོན་ཞིབ་འཇུག་བྱ་གཞི་དང་། རུ་སྟར་སྦྱོང་བརྡར། གྱོད་དཔེ་སློབ་སྦྱོང་། ཉལ་ཁང་བསྡུ་གསོག་རྒྱག་སྟངས་སོགས་ལ་དམིགས་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིའི་འཇོན་ཐང་སྔོག་འདོན་བྱས་ནས། ཁོང་ཚོར་སྦྱོང་བརྡར་ནང་ལས་བཀུར་ལེགས་སྐྱེས་འབུལ་བ་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་སྐྱེད་ཐུབ་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་དེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་ལས་སྒྲུབ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་སྨན་ཁང་ཨང་920དབར་དམག་མི་དང་ཉེན་རྟོག་པ་མཉམ་སྐྲུན་བྱེད་པའི་གྲོས་མཐུན་བཞག་ནས་ཐེམ་ཁུངས་ཡུན་ནན་གྱི་མི་དམངས་ཉེན་རྟོག་པ་དང་དེའི་ནང་མིར་སྨན་བཅོས་འགན་ལེན་བྱེད་རྒྱུ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明