西藏青年报藏文版ཕྱོགས་བསྡུས། རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1991ལོ།

★ ཟླ་1ཚེས་10ནས་16ཉིན་བར། རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཚོགས་འདུ་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་འཚོགས་ཤིང་། ཚོགས་འདུར་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ཁག་དང་པོར་མིང་བཏགས་ནས་གཟེངས་བསྟོད་བྱས། ★ ཟླ་3ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ།

★ ཟླ་6ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་སྐོར་གྱི་གཏན་འབེབས》བཏོན་པ་དང་། 1997ལོའི་ཟླ་7ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གཅིག་གྱུར་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་པ། 2005ལོའི་ཟླ་12ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་པ་རེད།

★ ཟླ་6པར《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས》དེབ་དང་པོ་ནས་བཞི་པའི་བར་གྱི་པར་གཞི་གཉིས་པ་དཔེ་སྐྲུན་བྱས།

★ ཟླ་7ཚེས་1ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། ཅང་ཙེ་མིན་གྱིས་གསུང་བཤད་གནང་བ།

★ ཟླ་7པ་དང་8པར། ཀྲུང་དབྱང་ཏང་གི་ལོ་རྒྱུས་འགོ་ཁྲིད་ཚོགས་ཆུང་གིས་ཆོག་མཆན་སྤྲད་པ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》ཀྱི་སྟོད་ཆ་དང《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བདུན་ཅུ》སོ་སོར་དཔེ་སྐྲུན་བྱས། 2002ལོའི་ཟླ་9པར། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》ཀྱི་སྟོད་ཆར་བཟོ་བཅོས་བྱས་རྗེས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་དང་པོར་བསྒྱུར་ནས་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། དཔེ་སྐྲུན་བྱས། 2011ལོའི་ཟླ་1པོ་དང་2016ལོའི་ཟླ་6པར《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་གཉིས་པ་དང《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་དགུ་བཅུ》ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སོ་སོར་དཔེ་སྐྲུན་བྱས།

★ ཟླ་9ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གིས《ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་སློབ་གསོར་དམ་འཛིན་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བཏོན།

★ ཟླ་11ཚེས་25ནས་29ཉིན་བར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱས།

★ ཟླ་12ཚེས་15ཉིན། ཀྲུང་གོས་རང་རྟེན་ཇུས་འགོད་དང་རང་བཟོས་ཉིང་གློག་ས་ཚིགས་དང་པོ་སྟེ། ཆིང་ཧྲན་ཉིང་གློག་ས་ཚིགས་ཀྱི་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་བཏང་བ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明