西藏青年报藏文版གལ་ཆེའི་གསར་འགྱུར། གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་བཞི་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་བདུན་པ་འཚོཌ་པ། བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ནོར་བུ་གླིང་ཁར་འགོ་ཚུགས་པ།

放大 缩小 默认

ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་བཞི་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་བདུན་པ་འཚོཌ་པ།

ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་བཞི་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་མིག་སྔའི་བརྗོད་དོན་གཙོ་བོའི་སློབ་གསོར་ལྷག་པའི་གནད་དོན་བརྡ་ཁྱབ་བཏང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། སྐོར་སྐྱོད་མཛུབ་ཁྲིད་ཀྱི་ལས་དོན་ལ་སྤུས་ཚད་མཐོ་པོས་དམ་འཛིན་ཡག་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་ཆུང་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་དགོས། དམིགས་ཚད་ལས་འགན་ལ་དམིགས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་གསལ་དོད་པོ་དང་། ཕན་འབྲས་དངོས་ལ་སྣང་ཆེན། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོའི་བྱ་བ་དངོས། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་འབྲེལ་མཐུད། མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་སྐུལ་འདེད་གཏོང་བ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明