西藏青年报藏文版ཕྱོགས་བསྡུས། 2022ལོར་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་44.6དོན་འཁྱོལ་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1990ལོ།(2)

★ ཟླ་7ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་སྤེལ་རེས་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད།

★ ཟླ་9ཚེས་1ཉིན། ཀྲུང་གོའི་སྐམ་ས་ཆེན་པོར་སྔ་ཤོས་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་སྟེ། ཧྲིན་ཏ་མྱུར་བགྲོད་གཞུང་ལམ(ཧྲིན་དབྱང་ནས་ཏ་ལེན་བར)དུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། 2020ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་16.1ཟིན་ཡོད་པ་རེད།

★ ཟླ་9ཚེས་22ཉིན་ནས་ཟླ་10ཚེས་7ཉིན་བར། སྐབས་བཅུ་གཅིག་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ཀྲུང་གོས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་པོ་གཉེར་འགན་འཁུར་ཐེངས་དང་པོ་རེད།

★ ཟླ་11ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྒྲིག་ཨུད་ལ《ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》མཆན་བཀོད་བརྒྱུད་སྤྲོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་དང་། སྒྱུར་བཅོས་སྒོ་དབྱེའི་དར་རྒུད་རྒྱལ་ཕམ་གྱི་མཐོ་ཚད་ནས་ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་གི་གལ་ཆེན་རང་བཞིན་དང་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

★ ཟླ་11ཚེས་26ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོའི་སྐམ་ས་ཆེན་པོར་ལས་གཉེར་བྱེད་འགོ་བཙུགས་པའི་དངུལ་འཛིན་ཉོ་ཚོང་ཁང་དང་པོ་སྟེ། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་དངོས་སུ་བཙུགས་ཤིང་། ཟླ་12ཚེས་19ཉིན། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་དངོས་སུ་ལས་གཉེར་བྱེད་འགོ་བཙུགས་པ་རེད། 1991ལོའི་ཟླ་7ཚེས་3ཉིན། ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དངོས་སུ་ལས་གཉེར་བྱེད་འགོ་བཙུགས་པ་རེད།

★ ཟླ་12ཚེས་1ཉིན། ཅང་ཙེ་མིན་གྱིས་དམག་ཡོངས་ཀྱི་དམག་དོན་ལས་དོན་ཚོགས་འདུར“ཆབ་སྲིད་ཚད་ལོན་དང་། དམག་དོན་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་དམ་ནན། འགན་ལེན་ནུས་ལྡན”བཅས་ཀྱི་དམག་དཔུང་འཛུགས་སྐྱོང་གི“གསུང་ཚིག་ལྔའི”སྤྱིའི་བླང་བྱ་བཏོན་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明