西藏青年报藏文版ཕྱོགས་བསྡུས། བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན《དཔལ་ལྡན་རྒྱུད་བཞི》དེ《འཛམ་གླིང་དྲན་ཤེས་མིང་གཞུང》ནང་བདམས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། པར་རིས་གསར་འགྱུར། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པར་ཟབ་སྦྱོང་བྱས་པ།

放大 缩小 默认

ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས།

ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པར་ཟབ་སྦྱོང་བྱས་པ།

བྲག་གཡབ་རྫོང་གི་ལས་བཟོའི་གསོ་སྦྱོང་ལྟེ་གནས་སུ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་བྲག་གཡབ་རྫོང་ཞིང་ལས་གྲོང་གསེབ་ཅུས(ཚན་རྩལ་ཅུས)དང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་དངོས་སྤྱོད་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

གསོ་སྦྱོང་བྱེད་རིང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཞིང་འབྲོག་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཀྱི་གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཐད་ཀྱི་ཤེས་བྱ་དང་། དེ་བཞིན་བེད་མེད་དུ་བཞག་པའི་ས་ཆ་བསྐྱར་སྦོལ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་དམིགས་ནས་གསོ་སྦྱོང་བྱེད་པ་དང་འབྲེལ་རིམས་འགོག་སྨན་ཁབ་རྒྱག་པའི་ས་གནས་ས་ཐོག་གི་དངོས་སྤྱོད་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

གསོ་སྦྱོང་ལ་ཞུགས་མཁན་ཚན་རྩལ་ཆེད་མངགས་པ་ཚོས། གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཞིབ་ཅིང་ཕྲ་ལ་དམིགས་སའི་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན་ཆེན་པོ་ལྡན་འདུག ལས་གནས་སུ་ལོག་རྗེས་སྦྱངས་པའི་རྩལ་ནུས་ཤེས་བྱ་རྣམས་ལས་ཀའི་ནང་སྤྱོད་པ་དང་སྦྱངས་པའི་ལག་རྩལ་གསར་པ་ཞིང་ནང་དང་མུ་ཁ་དང་དེ་བཞིན་རྩྭ་ཐང་དང་འབྲོག་རར་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明