西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བརྗེད་པར་དཀའ་བའི་འདས་དོན་ཞིག ། ༄༅། །ཟླ་འོད་འོག་ཏུ་ཕ་ཡུལ་དྲན་པ། ༄༅། །བརྩེ་བ། ༄༅། །ང་རང་ནོར་གནག་ལ་དགའ།

放大 缩小 默认

༄༅། །བརྗེད་པར་དཀའ་བའི་འདས་དོན་ཞིག །

□ 作者 ནོར་བུ་དོན་གྲུབ།

འདས་ཟིན་པའི་དུས་ཚོད་ནང་ང་ལ་བརྗེད་པར་དཀའ་བའི་བྱ་བ་མང་པོ་འཕྲད་བྱུང་བ་དང་། བརྗེད་པར་ དཀའ་བའི་བྱ་བ་དེ་དག་གིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས་དེས་རང་ཉིད་འཚར་ལོངས་ཡོང་རྒྱུར་ཡང་རོགས་རམ་མི་ཉུང་བ་ཐོབ་ཡོད། ངས་བསམ་ན་དོན་དག་འདི་དག་ནི་ རང་ཉིད་ཀྱི་མི་ཚེའི་གདམ་གར་ཁ་ལོ་སྒྱུར་བའི་སྲབ་མདའ་རུ་འདོད་དོ། །

བདག་ཆུང་ངུའི་དུས་སུ་ཐ་མག་འཐེན་པ་དང་། སྐབས་དེ་དུས་ངས་ཐ་མག་འཐེན་མཁན་གྱི་མི་ནི་རྫིག་པོ་ཡོད་པར་སྙམ་གྱི་ཡོད། དབྱར་ཁའི་གུང་གསེང་བཞག་པའི་དུས་ཤིག་གི་ཚེ་ན་བཟོ་པ་ཁ་ཤས་ཤིག་ང་ཚོའི་གྲོང་ཚོར་སླེབས། ཁོང་ཚོ་རིའི་སྟེང་དུ་འཕྲིན་བརྡའི་མཐོ་ལྕོག་བཟོ་བར་འགྲོ་དགོས་པས། ང་ཚོའི་གྲོགས་པོ་ཁ་ཤས་ཁོང་ཚོའི་རྗེས་སུ་འབྲངས་ནས་རི་སྟེང་དུ་འབྱོར། དེ་རྗེས་ཁོང་ཚོས་ལས་ཀ་ལས་འགོ་ཚུགས་པ་དང་། དུས་ཡུན་རིང་པོ་མ་སོང་བར་གནམ་འཐིབས་ཏེ་གློ་བུར་དུ་དྲག་ཆར་བབས། ང་ཚོ་ས་སྟོང་དུ་ཆར་གཡོལ་བྱ་གནས་མ་རྙེད་པར་ལུས་པས་ཁོང་ཚོའི་རླངས་འཁོར་ནང་དུ་འཛུལ་དུ་བཅུག་བྱུང་།

རླངས་འཁོར་ནང་དུ་ཐ་མག་སྒམ་གཅིག་བཞག་འདུག་པས་ངའི་གྲོགས་པོས་འཐེན་འདོད་ཀྱི་མེ་ལྕེ་འབར་ནས་བཟོ་པ་དེའི་ས་ནས་ཐ་མག་རྐང་གཅིག་སྟེར་རོགས་ཞུས་སོང་། བཟོ་པ་དེས་སྐད་ཆ་དེ་ཐོས་རྗེས་གད་མོ་འཚེར་འཚེར་གྱིས་ང་ཚོ་ལ་བརྙན་ཐུང་ཞིག་ལྟ་རུ་བཅུག་བྱུང་། ངས་བརྙན་ཐུང་དེ་བལྟས་རྗེས་དེའི་ནང་དོན་ནི་ཐ་མག་འཐེན་པའི་གནོད་འཚེ་དང་ཐ་མག་འཐེན་པའི་རྐྱེན་གྱིས་ཤི་བའི་མི་ཡིན། དེ་མཐོང་མ་ཐག་ང་རང་ས་དེ་གར་སྐྱུགས་པ་དང་། དུས་དེ་ནས་བཟུང་ངས་ནམ་ཡང་ཐ་མག་མི་འཐེན་པའི་དམ་བཅའ་བཞག་པ་ཡིན།

ངས་གཞན་གྱིས་ཐ་མག་འཐེན་པ་མཐོང་ཐེངས་རེར་བརྙན་ཐུང་དེ་ཡིད་ལ་དྲན་ཞིང་། རང་ལས་ཆུང་བའི་སློབ་མ་ཚོས་དུ་བ་འཐེན་པ་མཐོང་སྐབས་ཤ་ཚའི་ངང་ནས་ཐ་མག་གིས་བདེ་ཐང་ལ་གནོད་ཚུལ་སྐོར་བཤད་དེ་བཀག་འགོག་བྱེད་ཀྱི་ཡོད།

ངས་ད་བར་དོན་དེ་མི་བརྗེད་དོན་ནི་རང་དང་འབྲེལ་བ་ཅི་ཡང་མེད་པའི་མི་ཞིག་གིས་ཐུགས་བརྩེ་བ་ཆེན་པོས་ལོག་ལམ་དུ་འགྲོ་ཉེན་ཡོད་པའི་བྱིས་པ་ཞིག་ཉེན་ཁའི་གཡང་ལས་བསྐྱབས་པ་དེ་ཡིན། ང་རང་དུས་དེ་ནས་བཟུང་ཐ་མག་ཁ་ལ་ལེན་མྱོང་མེད་པ་ནི་རྒྱུས་མེད་ཀྱི་བཟོ་པ་དེ་ཁོ་ནའི་དྲིན་ལས་བྱུང་བས། ངས་ཁོང་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)ནོར་བུ་དོན་གྲུབ།

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明